ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་རི་གཉིས་ཀྱིས་མི་ཐབས་རིག་ནུས་ཐད་ཀྱི་སྲིད་གཞུང་བར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རི་གཉིས་ཀྱི་ཅིན་ཅིའུ་ཧྲན་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་ཆེད། ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པ་ལྟར་ན། ཀྲུང་གོ་དང་ཨ་རི་གཉིས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས14ཉིན་སུའེ་ཙེར་གྱི་རེ་ནེ་ཝ་རུ་ཀྲུང་ཨའི་མི་ཐབས་རིག་ནུས་ཐད་ཀྱི་སྲིད་གཞུང་བར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། མི་ཐབས་རིག་ནུས་ཚན་རྩལ་གྱི་ཉེན་ཁ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་། དེ་མིན་རང་སོ་སོས་དོ་ཁུར་བྱེད་བཞིན་པའི་གནད་དོན་གཞན་དག་བཅས་ཀྱི་ཐད་ལ་བསམ་བློ་བརྗེ་རེས་གནང་རྒྱུ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།