ཀྲུང་གོ་བོད་ཀྱི་དྲ་བ།

པ་ཞི་ལྷོ་ཕྱོགས་སུ་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ་མི143རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་ཞི་ལྷོ་ཕྱོགས་ཀྱི་ནན་ལི་ཨོ་གེ་ལན་ཏི་མངའ་སྡེའི་དམངས་ཟོན་སྡེ་ཁག་གིས་ཚེས12ཉིན་གྱི་དགོང་མོ་བཤད་རྒྱུར། ཟླ4པའི་ཟླ་སྨད་ཚུན་དུ་མངའ་སྡེ་དེར་དྲག་ཆར་བབས་པ་ལས་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐེབས་ཏེ་མི143རྐྱེན་ལམ་དུ་ཤོར་བ་དང་། མི131གར་སོང་ཆ་མེད་དུ་གྱུར་ལ། མི་ཁྲི50ལས་བརྒལ་བ་ཡུལལ་མེད་འཁྱམ་པོར་གྱུར། 

དམངས་ཟོན་སྡེ་ཁག་གིས། མིག་སྔར། ནན་ལི་ཨོ་གེ་ལན་ཏི་མངའ་སྡེའི་གནས་སྐབས་ཀྱི་གཉེན་ཡོལ་བྱེད་ས700ལྷག་གི་ནང་ཁྱོན་བསྡོམས་མི8ལྷག་བཀོད་སྒྲིག་བྱས་ཡོད། གཟའ་འཁོར་འདིའི་གཟའ་མཇུག་ལ་མངའ་སྡེ་དེའི་ས་ཁུལ་མང་པོ་ཞིག་ལ་དྲག་ཆར་བབས་ཤིང་། གཙང་བོའི་ཆུ་གནས་མུ་མཐུད་དུ་ཡར་འཕར་སྟབས་ཡང་བསྐྱར་ཆུ་ལོག་འབྱུང་ཉེན་ཆེ་བར་བཤད། རྒྱུས་ལོན་པ་ལྟར་ན། ས་གནས་དེ་གའི་སྲིད་གཞུང་གིས་སྡོད་དམངས་རྣམས་ལ་གནས་སྐབས་སུ་ཕྱིར་ལོག་མི་རུང་བའི་ཉེན་བརྡ་བཏང་འདུག

གནམ་གཤིས་སྔོན་བརྡ་ལས། ཐེངས་འདིའི་དྲག་ཆར་ཚེས15ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་གྲང་རྒྱུན་གྱིས་མངའ་སྡེ་དེའི་ལྷོ་ཕྱོགས་སུ་སད་འཁྱགས་འབྱུང་སྲིད་ཅེས་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།