ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ཡན་ཧྲོའུ་རྫོང་གི་མཚོ་ཁོངས་སུ་ས་ཡོམ་རིམ་པ6.1ཅན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་རྒྱང་བསྒྲགས་མཐུན་ཚོགས་ཀྱིས་བསྒྲགས་པའི་གསར་འགྱུར་ལྟར་ན། འཇར་པན་ཡན་ཧྲོའུ་རྫོང་གི་བྱང་ཕྱོགས་མཚོ་ཁོངས་སུ་ཚེས2ཉིན་གྱི་ཐོ་རེངས་སྐབས་ས་ཡོམ་རིམ་པ6.1ཅན་བྱུང་ཞིང་། ཐེངས་འདིའི་ས་ཡོམ་ལས་མཚོ་ཡོམ་འབྱུང་བའི་ཉེན་བརྡ་བཏང་མེད། 

འཇར་པན་གནམ་གཤིས་ཐིང་གིས། ཐེངས་འདིའི་ས་ཡོམ་ནི་ཏུང་ཅིན་གྱི་དུས་ཚོད་ཚེས2ཉིན་གྱི་ཆུ་ཚོད4དང་སྐར་མ24(པེ་ཅིན་གྱི་ཆུ་ཚོད3དང་སྐར་མ24)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་ཤར་གྱི་གཞུང་ཐིག་ཏུའུ141.7དང་བྱང་གི་འཕྲེད་ཐིག་ཏུའུ40.1སར་གནས་ལ། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ80ཡིན་པ་རེད། ས་ཡོམ་བྱུང་སྐབས་ཡན་ཧྲོའུ་རྫོང་དང་ཆིན་སིན་རྫོང་གཉིས་ཀྱི་ས་ཆ་ཁ་ཤས་ལ་ཡོམ་ཚོར་བྱུང་བ་རེད། 

ཡན་ཧྲོའུ་རྫོང་དང་ཆིན་སིན་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱིས། མིག་སྔར་བར་ས་ཡོམ་ལས་ཉེན་ཟོན་འབྱོར་མེད་པར་བཤད། འཇར་པན་ཏུང་པའེ་གློག་ཤུགས་ཀུང་ཟིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཆིན་སིན་རྫོང་གི་ཏུང་ཐུང་སྡེ་བ་རུ་ཡོད་པའི་ཏུང་ཐུང་ཉིང་རྡུལ་གློག་འདོན་ས་ཚིགས་ལ་གནོད་སྐྱོན་ཅི་ཡང་ཐེབས་མེད་ལ། འཇར་པན་ཉིང་རྡུལ་གློག་འདོན་ཀུང་ཟིས། ཅིན་སིན་རྫོང་དུ་གནས་པའི་ཉིང་རྡུལ་སྙིགས་རོ་ཐག་གཅོད་བཟོ་གྲྭ་དྲུག་པོ་ཚང་མར་གནད་དོན་ཅི་ཡང་བྱུང་མེད་པར་བཤད། 

འཇར་པན་ནི་གོ་ལ་ཧྲིལ་བོ་ནས་ས་ཡོམ་ཆེས་འབྱུང་མང་བའི་ས་རྒྱུད་དེ་ཞི་བདེ་རྒྱ་མཚོའི་ས་རྒྱུད་ཁུལ་དུ་གནས་བས་ས་ཡོམ་ཐེངས་མང་བྱུང་། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།