ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་དང་འཇར་པན་གྱི་ཆེད་མཁས་པས་ཧྥུའུ་ཏའོ་ཉིང་རྡུལ་སྙིགས་རོ་མཚོ་ནང་དུ་ཕུད་པའི་གནད་དོན་ཐད་འཛུགས་སྐྲུན་རང་བཞིན་གྱི་ལག་རྩལ་བགྲོ་གླེང་བྱས་ཚུལ་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས1ཉིན་བསྟན་དོན། འཇར་པན་ཧྥུའུ་ཏའོ་ཉིང་རྡུལ་སྙིགས་རོ་མཚོ་ནང་དུ་ཕུད་པའི་གནད་དོན་ལ་དམིགས་ནས། ཀྲུང་གོ་དང་འཇར་པན་གཉིས་ཀྱི་ཆེད་མཁས་པས་ཟླ3པའི་ཚེས30ཉིན་ཀྲུང་གོའི་ཏ་ལེན་དུ་འཛུགས་སྐྲུན་རང་བཞིན་གྱི་ལག་རྩལ་བགྲོ་གླེང་བྱས།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་། གསར་འགོད་པས་འཇར་པན་ཕྱི་དོན་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཧྥུའུ་ཏའོ་ཉིང་རྡུལ་གློག་འདོན་ས་ཚིགས་དང་པོས“ཆུ་ཐག་གཅོད”བྱེད་པའི་གནད་དོན་ཐད་ལ། འཇར་པན་དང་ཀྲུང་གོའི་ཆེད་མཁས་པས་ཟླ3པའི་ཚེས30ཉིན་ཀྲུང་གོ་ནས་གྲོས་བསྡུས་བྱས་ཤིང་། འཇར་པན་གྱིས་ཚན་རིག་ལྟར་སྙིགས་རོ་ཕུད་པའི་བདེ་འཇགས་རང་བཞིན་ལ་གསལ་བཤད་བྱས། དེའི་ཐད་ཀྲུང་གོ་ལ་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས་པར། 

ཝང་ཝུན་པིན་གྱིས། འཇར་པན་ཧྥུའུ་ཏའོ་ཉིང་རྡུལ་སྙིགས་རོ་མཚོ་ནང་དུ་ཕུད་པར་ཀྲུང་གོ་དང་འཇར་པན་གྱི་ཕྱི་འབྲེལ་པུའུ་ཨེ་ཤེ་ཡ་ཟི་ཀྲང་རིམ་པའི་གྲོས་བསྡུར་དང་འབྲེལ་ནས། ཀྲུང་གོ་དང་འཇར་པན་གྱི་ཆེད་མཁས་པས་ཟླ3པའི་ཚེས30ཉིན་ཀྲུང་གོའི་ཏ་ལེན་དུ་འཛུགས་སྐྲུན་རང་བཞིན་གྱི་ལག་རྩལ་གྲོས་མོལ་བྱས་པར་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།