ཀྲུང་གོ་བོད་ཀྱི་དྲ་བ།

སུ་རུ་ཡ་རུ་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་བྱུང་བ་ལས་མི20ཤི་རྨས་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུ་རུ་ཡའི་སྨྱན་བྱད“ཧྲ་མུའུ་འཕྲིན་ལམ”གྱིས་ཟླ3པའི་ཚེས31ཉིན་སྤེལ་བའི་གསར་འགྱུར་ལྟར་ན། སུ་རུ་ཡའི་ནུབ་བྱང་རྒྱུད་ཀྱི་ཐུ་ཁེ་རྒྱལ་མཚམས་དུ་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་ཐེབས་པ་ལས་མི20ལ་ཤི་རྨས་བཟོས་པ་རེད། 

གསར་འགྱུར་ནང་། གས་གཏོར་དོན་རྐྱེན་དེ་ཨ་ལེ་ཕའོ་ཞིང་ཆེན་གྱི་ཨ་ཀྲ་ཚི་གྲོང་ཁྱེར་དུ་བྱུང་ཞིང་། དོན་རྐྱེན་བྱུང་བའི་དུས་ཚོད་དང་ཞིབ་ཕྲའི་ནང་དོན་གསལ་བོ་བཤད་མེད། 

སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི“སུ་རུ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། གས་གཏོར་དོན་རྐྱེན་དེ་ཨ་ཀྲ་ཚི་གྲོང་ཁྱེེར་གྱི་ཚོང་ར་ཞིག་ཏུ་བྱུང་ཞིང་། མིག་སྔར་ཉུང་མཐར་ཡང་མི8ཚེ་ལས་འདས་པ་དང་མི23ལ་རྨས་ཕོག་ཡོད་ལ། རྨས་མ་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། 

མིག་སྔར་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཐེངས་འདིའི་དོན་རྐྱེན་བཟོས་པ་གསལ་བོ་མི་ཤེས་པ་རེད། 

ཨ་ཀྲ་ཚི་ནས་སུ་རུ་ཡའི་རྒྱལ་མཚམས་བར་སྤྱི་ལེ10ལས་མེད་མོད། འཐབ་ཇུས་ཀྱི་གནས་ས་གལ་ཆེན་ཞིག་ཡིན་པ་རེད། སུ་རུ་ཡའི་ནང་འཁྲུགས་བྱུང་རྗེས། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འཇིགས་སྐུལ་བ་དང་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱིས་སྔ་རྗེས་སུ་ཨ་ཀྲ་ཚི་ཚུར་ལངས་ཤིང་། མིག་སྔར་གྲོང་ཁྱེར་འདིར་ཐུར་ཁེ་དམག་དཔུང་གིས་རྒྱབ་སྐྱོར་བྱེད་པའི་སུ་རུ་ཡའི་ངོ་རྒོལ་དྲག་ཆས་པས་ཚོད་འཛིན་བྱས་ཡོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།