ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུས་སའི་གོ་ལ་རྒྱང་ཚོད་སྲུང་སྐར་ཞིག་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་སྡེ་ཚོགས་ཀྱིས་ཟླ3པའི་ཚེས31ཉིན་བསྒྲགས་པའི་གསར་འགྱུར་ནང་། ཨུ་རུ་སུས་ཉིན་དེར་འཕེན་གཏོང་བྱས་པའི“ཐོན་ཁུངས-P”ཨང་བཞི་པ་རྟགས་ཅན་གྱི་སའི་གོ་ལ་རྒྱང་ཚོད་སྲུང་སྐར་འཕེན་གཏོང་ལེགས་འགྲུབ་བྱུང་བར་བཤད། 

གསར་འགྱུར་ནང་བཤད་རྒྱུར། མོ་སི་ཁོའི་དུས་ཚོད་ཚེས31ཉིན་གྱི་ཆུ་ཚོད12དང་སྐར་མ36(པེ་ཅིན་གྱི་ཆུ་ཚོད17དང་སྐར་མ36)སྟེང་། སྲུང་སྐར་འཁུར་བའི“མནའ་འབྲེལ-2.1b”རྟགས་ཅན་གྱི་མེ་ཤུགས་སྐྱེལ་འདྲེན་འཕུར་མདའ་ཧ་སག་སི་ཐན་མངའ་ཁོངས་ཀྱི་པའེ་ཁེ་ནུའུ་ཨར་འཇིགས་རྟེན་འཕུར་གྲུ་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཤིང་། སྲུང་སྐར་འདི་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་བས་ཐེངས་འདིའི་འཕེན་གཏོང་ལེགས་འགྲུབ་བྱུང་བ་རེད།

ངོ་སྤྲོད་གནང་བ་ལྟར་ན། “ཐོན་ཁུངས-P”ཨང་བཞི་པ་རྟགས་ཅན་གྱི་སའི་གོ་ལ་རྒྱང་ཚོད་སྲུང་སྐར་འདིས་སའི་གོ་ལའི་ཕྱི་ངོས་ལ་ཚད་འཇལ་ཞིབ་མོ་བྱ་ཐུབ་པས། གཙོ་བོར་རང་བྱུང་ཐོན་ཁུངས་ཞིབ་འཇུག་དང་། ཁོར་ཡུག་ཞན་འགྱུར་དང་སྦག་བཟོ་ལ་ལྟ་ཞིབ་ཚད་ལེན། གཏེར་ཁ་འཚོབ་ཞིབ་སོགས་ཀྱི་ཐད་ལ་བཀོལ་རྒྱུ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།