ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱི་སྲིད་གཞུང་གསར་བས་འགན་བཞེས་དམ་བཅའ་བཞག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁུ་སི་ཐན་གྱི་ཙུང་ལི་མའོ་ཧན་མའོ་ཏི·མུའུ་སི་ཐཱ་ཧྥ་མགོ་གཙོ་ཡིན་པའི་སྐབས་གསར་བའི་ཕ་ལེ་སི་ཐན་སྲིད་གཞུང་གིས་ཟླ3པའི་ཚེས31ཉིན་གྱི་དགོང་མོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྲོང་ཁྱེར་ཏེ་ལཱ་མུའུ་ཨན་ལཱ་རུ་ལས་འགན་བཞེས་དམ་བཅའ་བཞག 

ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྲིད་གཞུང་གསར་བར་པུའུ་ཀྲང23ཡོད་ལ། དེའི་ཁྲོད་ཀྱི་མི6ནི་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་མི་ཡིན་ལ། ཙུང་ལི་མུའུ་སི་ཐཱ་ཧྥ་ཡིས་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སྒོས་བཞེས། 

ད་ལོའི་ཟླ2པའི་ཚེས26ཉིན། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་ཕ་སི་ཡིས་ཙུང་ཐུང་ཨ་ཧྲི་ཐུ་ཡེ་ཡིས་འབུལ་སྤྲོད་བྱས་པའི་སྲིད་གཞུང་དགོངས་ཞུ་གྱི་ཡི་གེར་དང་ལེན་བྱས་ཤིང་། ཨ་ཧྲི་ཐུ་ཡེ་སྲིད་གཞུང་གིས་སྲིད་གཞུང་གསར་བ་འཛུགས་རག་བར་དུ་ལས་འགན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཟླ3པའི་ཚེས14ཉིན། ཨ་ཕ་སི་ཡིས་མུའུ་སི་ཐཱ་ཧྥས་སྲིད་གཞུང་གསར་བ་འཛུགས་པར་དང་ལེན་བྱས། ཟླ3པའི་ཚེས28ཉིན། མུའུ་སི་ཐཱ་ཧྥ་ཡིས་ཨ་ཕ་སི་ལ་སྲིད་གཞུང་གསར་བ་འཛུགས་པའི་སྐོར་གྱི་ཇུས་གཞི་བཏོན་པ་དང་། ཨ་ཕ་སི་ཡིས་བཀའ་ཡིག་སྤྲད་དེ་ཆོག་མཆན་གནང་། སྲིད་གཞུང་གསར་བ་འཛུགས་པའི་ཇུས་གཞི་ནང་ཅ་ཧྲ་ས་ཁུལ་དུ་ཡོད་པའི་ཕ་ལེ་སི་ཐན་གྱི་མི་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་མུག་སྐྱོབ་བྱ་རྒྱུ་དང་། ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དཔལ་འབྱོར་གནས་བབ་བརྟན་བརླིང་ཡོང་དགོས་པའི་སྐོར་ནས་གཏན་ཁེལ་བྱས་ཡོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།