ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕ་ཁི་སི་ཐན་དུ་ཀྲུང་གོའི་ལས་བཟོ་བར་འཇབ་རྒོལ་ཐེབས་པའི་ཐད་ཀྲུའུ་ཞི་གསར་འགྱུར་གྱི་གཏམ་བཤད་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་ཀྲུའུ་ཞི་གསར་འགྱུར་གྱི་གཏམ་བཤད་སྤེལ་སྐབས། ཚེས26ཉིན་ཕ་ཁི་སི་ཐན་གྱི་ཁའེ་པའོ་ཨར-ཕུའུ་ཧྲི་ཐུའུ་ཞིང་ཆེན་དུ་འཇིགས་སྐུལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་གནོད་ཐེབས་ཁྱིམ་ཚང་གི་ཁྱིམ་མི་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་སྲིད་གཞུང་ལ་གདུང་སེམས་མཉམ་སྐྱེད་དང་འཚམ་འདྲི་གནང་བ་མ་ཟད། རྣམ་པ་དང་མཚོན་ཚུལ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཤིང་། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་མཁན་དང་རྩ་འཛུགས་བྱེད་མཁན། རོགས་དངུལ་སྤྲོད་མཁན་བཅས་ཚང་མ་ཁྲིམས་ལ་སྦྱོར་རྒྱུ་དང་། རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་དང་དེ་མིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར། ཀྲུང་གོ་དང་ཕ་ཁི་སི་ཐན་སྲིད་གཞུང་གཉིས་ཀྱིས་དེའི་ཐད་ལ་ཧུར་ཐག་སྒོས་མཉམ་ལས་བྱེད་དགོས་པར་བསྟན།

ཀྲུའུ་ཞི་གསར་འགྱུར་གྱི་གཏམ་བཤད་སྤེལ་སྐབས། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་མཐའ་དག་སྤེལ་བ་ལས་དེའི་དམིགས་ཡུལ་ཅི་ཡིན་དང་ས་ཆ་གང་ནས་བྱུང་བ། ལག་བསྟར་བྱེད་མཁན་ཆུ་ཡིན་བཅས་ཚང་མ་ནག་ཉེས་བཟོས་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པས་གུ་ཡངས་གཏན་ནས་མི་གཏོང་ཞིང་། རྒྱལ་ཁབ་ཁག་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་ལྟར། རྒྱལ་སྤྱི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་བར་བྱེད་ཐབས་སྣ་ཚོགས་སྤྱད་དེ་ངོ་རྒོལ་བྱེད་དགོས་ཞེས་བསྟན། 

ས་གནས་དེའི་དུས་ཚོད་ཟླ3པའི་ཚེས26ཉིན། ཀྲུང་གོའི་ཁེ་ལས་ཀྱིས་ཕ་ཁི་སི་ཐན་གྱི་ཁའེ་པའོ་ཨར-ཕུའུ་ཧྲི་ཐུའུ་ཞིང་ཆེན་དུ་ཏཱ་སུའུ་ཆུ་གློག་ས་ཚིགས་སྐྲུན་བཞིན་པའི་རླངས་འཁོར་ཞིག་ལ་འཇིགས་སྐུལ་བས་འཇབ་རྒོལ་ཐེབས་ཏེ་ཀྲུང་གོའི་ལས་བཟོ་བ5དང་ཕ་ཁི་སི་ཐན་གྱི་ལས་བཟོ་བ1བཅས་རྐྱེན་ལམ་དུ་ཤོར། ། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།