ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པས་འབྲུག་ལོའི་ལོ་སར་ལ་རྟེན་འབྲེལ་ཞུས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་རྒྱལ་ཁབ་མང་བོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པ་མང་བོས་ལང་ལོང་སྒོས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་དང་འཕྲིན་ཡིག་བསྐུར་ནས། ཀྲུང་གོའི་མི་དམངས་ཀྱི་འབྲུག་ལོའི་ལོ་སར་ལ་རྟེན་འབྲེལ་ཞུས།

ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཧིན་རྡུ་ཉི་ཞི་ཡཱའི་མི་དམངས་ཀྱི་ཚབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་སྨོན་འདུན་བཟང་བོ་ཞུས། སྤུན་ཟླ་ལྟ་བུའི་ཀྲུང་གོ་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་སྟོབས་ལྡན་དུ་གྱུར་ནས་མུ་མཐུད་དུ་གཉིས་ཕན་མཉམ་རྒྱལ་གྱི་གྲོགས་པོའི་འབྲེལ་བ་གསར་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ཞི་བདེ་དང་བདེ་སྐྱིད་ཡོད་པའི་སྨོན་འདུན་ཞུས་པ་དང་། ཉིས་སྟོང་ཉེར་བཞི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན་པས། ཨུ་རུ་སི་དཀར་པོས་ཀྲུང་གོའི་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས། མི་གཞུང་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར།

ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ལོ་རྒྱུས་ཡུན་རིང་ལྡན་པའི་ལུགས་རྙིང་ལོ་སར་ལས་ཀྲུང་གོས་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ལ་བརྩི་འཇོག་གང་ལེགས་བྱས་པ་མཚོན་ཡོད། ཀྲུང་གོའི་མི་དམངས་རྣམས་ལྷག་བསམ་རྣམ་དག་དང་། དགེ་སེམས་ཆེ་བ། བརྩེ་བ་ཆེ་བའི་སྲོལ་རྒྱུན་མཛེས་སྤྱོད་དེ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཀྱི་མི་རིགས་སྙིང་སྟོབས་ཁྲོད་སྔར་ལས་ཇེ་ལེགས་སུ་སོང་ཡོད་ཟེར། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།