ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཝུའུ་ཁི་ལན་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་བསྐོ་འཇོག་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་གྱི་སྐམ་སའི་དམག་དཔུང་གི་དམག་སྤྱི་སེ་ཨར་སི་ཅི་ཡིས་ཀྲ་ལུའུ་རི་ནེ་ཡི་ཚབ་ཏུ་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་འགན་ཁུར་རྒྱུ་ཡིན་ཟེར།

ཙེ་ལེན་སི་ཅི་ཡིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། དོ་དམ་ཚོགས་ཁག་གསར་བས་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་མགོ་ཁྲིད་དབང་ཆ་བདག་དུ་འཛིན་རྒྱུ་ཡིན་པ་དང་། ཁོས་གཡུལ་སའི་རིམ་པ་མི་འདྲ་བའི་བཀོད་འདོམ་དཔོན་པོའི་བར་གྲོས་མོལ་ཐེངས་བཅུ་ལྷག་བྱས་པ་དང་། བཀོད་འདོམ་དཔོན་པོ་དེ་དག་གིས་དམག་དཔུང་གི་མཐོ་རིམ་ལས་འགན་ཁུར་དུ་ལེན་རྒྱུ་མ་ཟད། ཉམས་མྱོང་ཕུན་སུམ་ཚོགས་པའི་བཀོད་འདོམ་དཔོན་པོའི་མགོ་ཁྲིད་འོག་བྱ་བ་སྤེལ་རྒྱུ་ཡིན་ཟེར།

ཙེ་ལེན་སི་ཅི་ཡིས་བརྙན་རིས་གཏམ་བཤད་སྤེལ་སྐབས་ད་རུང་ཀྲ་ལུའུ་རི་ནེ་ཡིས་འདས་པའི་ལོ་གཉིས་ནང་འབད་འབུངས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲ་ལུའུ་རི་ནེ་མུ་མཐུད་དུ་རྒྱལ་ཁབ་དོ་དམ་ཚོགས་ཁག་ཁྲོད་སྡོད་དགོས་པའི་གྲོས་གཞི་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།