ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ལུའུ་རུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་སླར་གསོ་ཚོགས་ཆུང་གིས་རྒྱལ་དར་བསྒྲེང་བའི་མཛད་སྒོ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཚེས29ཉིན་གྱི་ཞོགས་པར། ནེའུ་ལུའུ་རུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་སླར་གསོ་ཚོགས་ཆུང་གིས་ནེའུ་ལུའུ་གླིང་ཕྲན་གྱི་ལྷོ་ཕྱོགས་སུ་གནས་པའི་གནས་སྐབས་གཞུང་ལས་བྱེད་ས་རུ་རྒྱལ་དར་འགྲེང་བའི་མཛད་སྒོ་བསྡུས། འདི་ནི་ལོ19ཡི་རྗེས་སུ་ཡང་བསྐྱར་ནེའུ་ལུའུ་རུ་སྐར་ལྔའི་དར་དམར་བསྒྲེངས་བ་རེད། 

པར་འདི་ནི་ཟླ1པོའི་ཚེས29ཉིན་གྱི་ཞོགས་པར་ནེའུ་ལུའུ་རུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་སླར་གསོ་ཚོགས་ཆུང་གིས་རྒྱལ་དར་འགྲེང་བའི་མཛད་སྒོ་བསྡུ་བཞིན་པའི་རྣམ་པ་རེད།

ནེའུ་ལུའུ་རུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་སླར་གསོ་ཚོགས་ཆུང་གི་གཞུང་ལས་བྱེད་ས་དེ་ཀྲུང་གོའི་ཀང་ཝན་ཨར་ལས་ཚད་ཡོད་འགན་འཁྲི་ཀུང་སི(ཀྲུང་གོའི་ཀང་ཝན)ནེའུ་ལུའུ་ལས་གཞི་པུའུ་རུ་གནས་པ་རེད། གཞུང་ཚབ་ཁང་སླར་གསོ་ཚོགས་ཆུང་གི་ཁོངས་མི་དང་ནེའུ་ལུའུ་རུ་སྡོད་པའི་ཀྲུང་གོ་ཀང་ཝན་ལས་གཞི་པུའུ་ཡི་འཐུས་མི་རྣམས་ཉིན་དེར་རྒྱལ་དར་ཡར་འགྲེང་བའི་མཛད་སྒོར་ཞུགས།

ནེའུ་ལུའུ་རུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་སླར་གསོ་ཚོགས་ཆུང་གི་ཚོགས་གཙོ་ཝང་ཞུའུ་ཀའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བཤད་རྒྱུར། ཀྲུང་གོ་དང་ནེའུ་ལུའུ་རྒྱལ་ཁབ་གཉིས་བར་རང་བྱུང་གི་ཁ་གསབ་རང་བཞིན་དང་། ཕྱོགས་གཉིས་ཀྱི་དངོས་དོན་མཉམ་ལས་ཐད་ལ་སྦས་ཤུགས་ཆེན་པོ་ལྡན་ལ། དེས་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་ཁབ་ཁོངས་ཁག་གི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། རྗེས་ཕྱོགས་ཕྱོགས་གཉིས་ཀྱིས་ད་དུང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཐད་ཤུགས་བསྣན་རྒྱུ་དང་མཉམ་ལས་བྱེད་ས་བཙལ་ནས་སྔར་ལས་ལྷག་པའི་ལས་གཞི་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔ་མོ་ནས་ཕན་ཁེ་ཐོབ་པར་བྱེད་དགོས། 

ཟླ1པོའི་ཚེས24ཉིན། ཀྲུང་གོས་ནེའུ་ལུའུ་དང་མཉམ་དུ་ཕྱི་འབྲེལ་སླར་གསོ་བྱེད་པའི་མཉམ་འབྲེལ་སྤྱི་བསྒྲགས་སྟེང་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་རིམ་པའི་ཕྱི་འབྲེལ་དངོས་སུ་སླར་གསོ་བྱུང་ཞིང་། ནེའུ་ལུའུ་དེ་ཀྲུང་གོ་བར་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཨང183པར་གྱུར་བ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།