ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིག་ཉི་སི་ལ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ1པོའི་ཚེས22ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སི་ལ་དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་ཐེབས་རྗེས་དུ་ནག་ལང་ལོང་འཕྱུར་བའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས22ཉིན་གྱི་དགོང་མོར། དབྱི་སི་རལ་དམག་ཕྱོགས་ཀྱིས་དམག་དོན་སྐོར་གྱི་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སི་ལ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་པ་ལས། ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ50ལྷག་བསད་པ་རེད།

པར་འདི་ནི་ཟླ1པོའི་ཚེས22ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སིའི་གྲོང་མི་རྣམས་རང་ཡུལ་དང་ཁ་བྲལ་བའི་རྣམ་པ་རེད།

       གསལ་བསྒྲགས་ནང་། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས21ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཕ་ལེ་སི་ཐན་དབྱི་སི་ལན་ངོ་རྒོལ་ལས་འགུལ་ཏེ(ཧ་མ་སི)“ཧན་ཡིའུ་ཉི་སི་དམག་སྒར”ལ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཧ་མ་སིའི་མི་སྣ50ལྷག་དམག་དོན་ལས་འགུལ་ཁྲོད་བསད་ལ། དེའི་ཁྲོད་ཧ་མ་སི་གྲོས་ཚོགས་ཀྱི་གྲོས་མི་ཞིག་ཀྱང་འདུས་ཡོད་པ་རེད། 

པར་འདི་ནི་ཟླ1པོའི་ཚེས22ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིག་ཉི་སི་ལ་དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་ཐེབས་རྗེས་དུ་ནག་ལང་ལོང་འཕྱུར་བའི་རྣམ་པ་རེད།

གསལ་བསྒྲགས་ནང་། དབྱི་སི་རལ་དམག་མིས་ཧན་ཡིའུ་ཉི་སིའི་སྐྱབས་བཅོལ་བའི་སྒར་ས་ཞིག་ལ་འཇབ་རྒོལ་ཐེབས་པ་མ་ཟད། ཧ་མ་སིའི་དམག་དོན་རྟེན་གཞི་ཚུད་པའི་དམིགས་འབེན་མང་པོར་འཇབ་རྒོལ་བྱས། དབྱི་སི་རལ་དམག་གིས“ཧ་མ་སིའི་ས་གནས་རྩ་འཛུགས་གཏོར་རག་བར་དུ”ཉིན་འགའ་རིང་ཧན་ཡིའུ་ཉི་སི་རུ་དམག་དོན་གྱི་ལས་འགུལ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པར་བཤད།

པར་འདི་ནི་ཟླ1པོའི་ཚེས22ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིག་ཉི་སིའི་གྲོང་མི་རྣམས་རང་ཡུལ་དང་ཁ་བྲལ་བའི་རྣམ་པ་རེད།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས22ཉིན་གསལ་བསྒྲགས་གཞན་ཞིག་སྤེལ་བའི་ནང་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི3ཧན་ཡིག་ཉི་སིའི་དམག་དོན་ལས་སྐྱོད་ཁྲོད་ཚེ་ལས་འདས་པ་རེད། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་འགུལ་སྤེལ་བ་ནས་བཟུང་ཁྱོན་བསྡོམས་དམག་མི198ལྷག་ཚེ་ལས་འདས་པ་རེད། 

པར་འདི་ནི་ཟླ1པོའི་ཚེས22ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སིའི་གྲོང་མི་རྣམས་རང་ཡུལ་དང་ཁ་བྲལ་བའི་རྣམ་པ་རེད།

ཕ་ལེ་སི་ཐན་གྱི་སྨྱན་བྱད་མང་པོས་ཚེས22ཉིན་སྤེལ་བའི་གསར་འགྱུར་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཧན་ཡིའུ་ཉི་སི་ལ་གས་གཏོར་བྱས་པ་ལས་ཉུང་མཐར་ཡང་མི50ལྷག་ཚེ་ལས་འདས་ཤིང་མི100ལྷག་ལ་རྨས་སྐྱོན་ཐེབས། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་ཨ་ཧྲི་ཧྥུའུ·ཆི་ཏི་ལ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་དོན། དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་བྱེད་པའི་ས་གནས་གཙོ་བོ་ནི་ཧན་ཡིའུ་ཉི་སི་ནུབ་ཕྱོགས་ས་ཁུལ་ཡིན་ལ། མིག་སྔར་ས་གནས་དེའི་རྨས་མ་མི་ཉུང་བ་ཞིག་ལ་རོགས་སྐྱོབ་བྱེད་ཐུབ་མེད་པ་རེད། 

པར་འདི་ནི་ཟླ1པོའི་ཚེས22ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སིའི་གྲོང་མི་རྣམས་རང་ཡུལ་དང་ཁ་བྲལ་བའི་རྣམ་པ་རེད།

ཅ་ཧྲ་ས་ཁུལ་འཕྲོད་བསྟེན་པུའུ་ཡིས་ཚེས22ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་དཔུང་གིས་འདས་པའི་དུས་ཚོད24རིང་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་ཁྱོན་བསྡོམས་མི190ཚེ་ལས་འདས་ཤིང་མི340ལྷག་ལ་རྨས་ཕོག་པ་རེད། ན་ནིང་གི་ཟླ10པའི་ཚེས7ཉིན་ཕ་དབྱི་འགལ་འདུ་རབས་གསར་བ་བྱུང་བའི་ཚུན་དུ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་ལས་འགུལ་སྤེལ་པ་ལས་ཁྱོན་བསྡོམས་མི་ཁྲི2.52ལྷག་ཚེ་ལས་འདས་པ་དང་མི་ཁྲི6.3ལྷག་ལ་རྨས་ཕོག་ཡོད་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།