ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཅོར་ཏན་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་དྲན་ཐོ་སྟེང་མིང་རྟགས་བཀོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན། ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲེན་ཁྲོན་ཏུང་དང་ཅོར་ཏན་རྒྱལ་ཁབ་ཀྱི་འཆར་གཞི་དང་རྒྱལ་སྤྱིའི་མཉམ་ལས་བློན་ཆེན་ཀྲ་དབྱི་ནཱ·ཐུའུ་ཁན་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་ཞུས་ནས་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་ཀྲུང་ཅོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྐོར་གྱི་དྲན་ཐོ་སྟེང་མིང་རྟགས་བཀོད།

ཁྲེན་ཁྲོན་ཏུང་གིས། ད་ལོ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་བཏོན་ནས་ལོ་འཁོར10ལོན་པ་དང་། ཀྲུང་ཅོར་རྒྱལ་ཁབ་གཉིས་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རང་བྱུང་རོགས་ཟླ་དང་དེང་རབས་ཅན་གྱི་ལམ་དུ་མཉམ་བསྐྱོད་བྱེད་པའི་རོགས་ཟླ་བཟང་པོ་ཞིག་ཡིན་པས། དྲན་ཐོ་སྟེང་མིང་རྟགས་བཀོད་པ་དེས“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་དང་ཅོར་ཏན་གྱི་དཔལ་འབྱོར་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པའི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་རྒྱུ་དང་། རྒྱལ་ཁབ་གཉིས་བར་སྲིད་ཇུས་འབྲེལ་གཏུག་དང་སྒྲིག་བཀོད་འབྲེལ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ལ་སྐུལ་འདེད་བཏང་སྟེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།