ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ཧྭ་ཡིས་ཨུ་རུ་སུའི་ཐཱ་སི་གསར་འགྱུར་ཁང་གི་མགོ་གཙོ་ཁུང་ཏི་ལ་ཧྲའོ་ཧྥུ་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ11པའི་ཚེས29ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་པའོ་ཧྭ་ཡིས་པེ་ཅིན་དུ་ཨུ་རུ་སུའི་ཐཱ་སི་གསར་འགྱུར་ཁང་གི་མགོ་གཙོ་ཨན་ཏི་ལེ·ཁུང་ཏི་ལ་ཧྲའོ་ཧྥུ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་པའོ་ཧྭ་ཡིས་པེ་ཅིན་དུ་ཨུ་རུ་སུའི་ཐཱ་སི་གསར་འགྱུར་ཁང་གི་མགོ་གཙོ་ཨན་ཏི་ལེ·ཁུང་ཏི་ལ་ཧྲའོ་ཧྥུ་ལ་ཐུག་འཕྲད་གནང་། 

པའོ་ཧྭས་ཁུང་ཏི་ལ་ཧྲའོ་ཧྥུ་འཁོར་དང་བཅས་པའི་འཐུས་མི་ཚོགས་པ་ཀྲུང་གོར་ཕེབས་ཏེ་འཛམ་གླིང་སྨྱན་བྱད་རྩེ་ཚོགས་སྐབས་ལྔ་བར་ཞུགས་པར་དགའ་བསུ་ཞུས། ཁོས་བསྟན་དོན། ཐཱ་སི་གསར་འགྱུར་ཁང་ནི་ཞིན་ཧྭ་གསར་འགྱུར་ཁང་གི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་ལ། གསར་འགྱུར་ཁང་གཉིས་བར་མཉམ་ལས་ཀྱི་བར་སྟོང་ཆེན་པོ་ལྡན། རེ་བར་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་པར་རིས་དང་བརྙན་ལམ་གསར་འགྱུར། དཔལ་འབྱོར་ཆ་འཕྲིན་བརྗེ་རེས་དང་ཚབ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ག་ཤུགས་ལྡན་ལ། མི་སྣ་འགྲོ་འོང་བྱེད་པ་དམ་ཟབ་དང་དངོས་དོན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མུ་མཐུད་ནས་གྲུབ་འབྲས་གསར་བ་ལོན་པ་དང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་སྤེལ་བྱེད་དགོས། 

པའོ་ཧྭ་ཡིས། ཐཱ་སི་གསར་འགྱུར་ཁང་གིས་མུ་མཐུད་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཐོ་རིམ་གླེང་སྟེགས་དང་། “རྒྱུད་གཅིག་ལམ་གཅིག”དཔལ་འབྱོར་ཆ་འཕྲིན་མཉམ་རོལ་བྱེད་པའི་དྲ་རྒྱ། ཨེ་ཤེ་ཡ-ཞི་བདེ་རྒྱ་མཚོ་ཆེན་མོའི་གསར་འགྱུར་ཁང་གི་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་སྒྲོམ་གཞི་འོག་མཉམ་ལས་ལ་ཤུགས་བསྣན་འདོད་ཡོད་ཅེས་བསྟན།

ཁུང་ཏི་ལ་ཧྲའོ་ཧྥུ་ཡིས། ཞིན་ཧྭ་གསར་འགྱུར་ཁང་ལ་གོ་ལ་ཧྲིལ་པོ་ནས་ཤུགས་རྐྱེན་ཆེན་པོ་ལྡན་ཞིང་། ཉེ་བའི་ལོ་ཤས་རིང་ལས་སྒོ་ཁག་གི་འཕེལ་རྒྱས་ཅུང་མྱུར་བ་རེད། ཐཱ་སི་གསར་འགྱུར་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་དང་མཉམ་དུ་དངོས་གཉེར་མཉམ་ལས་ཐད་ཤུགས་བསྣན་ཏེ་གསར་འགྱུར་ཁང་གཉིས་བར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།