ཀྲུང་གོ་བོད་ཀྱི་དྲ་བ།

ཧྥིན་ལན་གྱིས་ཨུ་རུ་སུ་མཐའ་འབྲེལ་གྱི་ལཱ་ཅ་གཡོད་སའེ་ཕི་འགག་སྒོའི་སྒོ་རྒྱག་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥིན་ལན་སྲིད་གཞུང་གིས་ཚེས28ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥིན་ལན་གྱིས་ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད12ནས་ཟླ12པའི་ཚེས13ཉིན་བར་ཨུ་རུ་སུ་མཐའ་འབྲེལ་གྱི་ལཱ་ཅ་གཡོད་སའེ་ཕི་འགག་སྒོའི་སྒོ་རྒྱག་རྒྱུའི་གཏན་འཁེལ་བྱས། འགག་སྒོ་དེ་ནི་ཧྥིན་ལན་གྱི་མིག་སྔར་ད་དུང་ཤར་གཏོང་བྱེད་པའི་ཤར་རྒྱུད་ཀྱི་མཐའ་མཚམས་འགག་སྒོ་གཅིག་པུ་དེ་ཡིན་པས་ཧྥིན་ལན་དང་ཨུ་རུ་སུ་སྐམ་སའི་མཐའ་མཚམས་ཀྱི་འགག་སྒོ་ཚང་མ་སྒོ་བརྒྱག་རྒྱུ་ཡིན་པ་མཚོན་ཡོད།

ཧྥིན་ལན་གྱི་ཙུང་ལི་ཨོ་ཨར་པོ་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་ཁྲིམས་འགལ་གྱི་གནས་སྤོས་ཡུལ་མིར་བཀག་འགོག་ནུས་ལྡན་བྱ་ཆེད་སྤྱད་པའི་དགོས་ངེས་དང་འོས་འཚམ་གྱི་བྱེད་ཐབས་ཤིག་ཡིན་ལ། སྲིད་གཞུང་གི་དམིགས་འབེན་ནི་གང་མགྱོགས་སྒོས་མཐའ་མཚམས་ཀྱི་གནས་བབ་སླར་གསོ་བྱ་རྒྱུ་དེ་རེད། ཧྥིན་ལན་ནང་སྲིད་པུའུ་ཡི་པུའུ་ཀྲང་ལན་ཐ་ཉིང་གིས། གལ་ཏེ་དགོས་མཁོ་ཡོད་ཚེ་ཚོད་འཛིན་གྱི་བྱེད་ཐབས་དེ་ད་དུང་རྒྱུན་བསྲིང་བྱ་སྲིད་པར་བསྟན།

ཧྥིན་ལན་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་ལྟར་ན། ཟླ8པའི་ཟླ་མགོའི་ཚུན་དུ། ཐོངས་མཆན་མེད་པའི་སྤྱི་དམངས1000ལྷག་གིས་ཤར་རྒྱུད་ཀྱི་མཐའ་མཚམས་འགག་སྒོ་བརྒྱུད་ནས་ཧྥིན་ལན་དུ་འབྱོར་རྩིས་བྱས་ཤིང་། དེའི་ཁྲོད་ཀྱི་མི་མང་ཆེ་བས་འགེབས་སྲུང་བྱ་རྒྱུའི་རེ་འདུན་ཞུས་པ་རེད། ཧྥིན་ལན་སྲིད་གཞུང་གིས་གནས་སྤོ་ཡུལ་མི་དེ་དག་དང་ས་ཁུལ་གྱི་གནས་བབ་ཇེ་ལེགས་སུ་ཕྱིན་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་སྒྲིག་ལམ་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད་ཚུལ་བསྟན།

ཧྥིན་ལན་སྲིད་གཞུང་གིས་ཟླ11པའི་ཚེས18ཉིན་ཨུ་རུ་སུ་དང་འབྲེལ་བའི་ཤར་ལྷོ་རྒྱུད་ཀྱི་མཐའ་འབྲེལ་འགག་སྒོ4སྒོ་བརྒྱབ་པ་མ་ཟད། ཟླ11པའི་ཚེས24ཉིན་ནས་བཟུང་ཁུའུ་ས་མོ་དང་ས་ལ་སོགས་ཤར་རྒྱུད་མཐའ་མཚམས་ཀྱི་འགག་སྒོ་ཡང་སྒོ་རྒྱག་རྒྱུ་དང་། ལཱ་ཅ་གཡོད་སའེ་ཕི་འགག་སྒོ་གཅིག་པུ་ཤར་རྒྱུད་ཀྱི་མཐའ་མཚམས་སུ་སྐྱོད་པར་སོར་བཞག་བྱ་རྒྱུ་རེད། 

ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་ཀྱི་ཧྥིན་ལན་ཤར་རྒྱུད་དེ་ཨུ་རུ་སུ་དང་འབྲེལ་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་300ལྷག་ཡོད་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།