ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཕུ་ཡ་ཤིན་ཅི་ནེ་ཡའི་ཉེ་འགྲམ་མཚོ་ཁོངས་སུ་ས་ཡོམ་རིམ་པ6.5བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཨར་ཙི་པི་གྲུ་ཁ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས28ཉིན་ལྷོ་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཕ་ཕུ་ཡ་ཤིན་ཅི་ནེ་ཡའི་ཉེ་འགྲམ་མཚོ་ཁོངས་སུ་ས་ཡོམ་རིམ་པ6.5བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་སྙན་ཞུ་འབྱོར་མེད་པ་རེད།

ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ནི་ས་གནས་དེ་གའི་དུས་ཚོད་ཆུ་ཚོད7དང་སྐར་མ46(པེ་ཅིན་གྱི་དུས་ཚོད་ཆུ་ཚོད5དང་སྐར་མ46)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་པ་ཤིན་བྱང་ཤར་རྒྱུད་ཀྱི་མཚོ་འགྲམ་གྲོང་ཁྱེར་ཏེ་ཝུའེ་ཝ་ཁེ་ཤར་ཕྱོགས་ཀྱི་སྤྱི་ལེ43ལྷག་གི་སར་གནས་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ12.3རེད། ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ཐེངས་དང་པོར་ཚད་འཇལ་བྱེད་དུས་ས་ཡོམ་རིམ་པ6.6ཡིན་པ་གཏན་འཁེལ་བྱས་ཀྱང་རྗེས་སུ་ས་ཡོམ་རིམ་པ6.5ལ་བཟོ་བཅོས་བརྒྱབ་པ་རེད། 

ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཡོམ་ཉེན་ཟོན་སྔོན་བརྡ་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལས་མཚོ་ཡོམ་འབྱུང་བའི་ཉེན་ཟོན་སྔོན་བརྡ་བཏང་མེད་པ་རེད། 

ཕ་ཕུ་ཡ་ཤིན་ཀུའེ་ནེ་ཡ་ནི་སྐམ་ས་ཆེན་མོའི་འབྲེལ་མཚམས་སུ་གནས་ཤིང་ཞི་བདེ་རྒྱ་མཚོ་ཆེན་མོའི་མེ་རིའི་རྒྱུད་དུ་གནས་པས་ས་ཡོམ་ཡང་ཡང་བྱུང་བ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།