ཀྲུང་གོ་བོད་ཀྱི་དྲ་བ།

སོ་མ་ལིའི་ཆུ་ལོག་གིས་མི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མོ་ཀ་ཏི་ཧྲ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། སོ་མ་ལིའི་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས25ཉིན་བཤད་རྒྱུར། ཉེ་བའི་ཟླ་གཅིག་རིང་བསྟུད་མུར་དྲག་ཆར་བབས་པ་ལས་བྱུང་བའི་ཆུ་ལོག་གིས་རྒྱལ་ཁབ་དེའི་མི་ཉུང་མཐར་ཡང96རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི230ལྷག་ལ་གནོད་འཚེ་ཕོག

སོ་མ་ལིའི་གནོད་འཚེ་དོ་དམ་ཅུའུ་ཡིས་འགན་འཁུར་བ་མུའུ་ཧན་མོ་ཏེ·མུའུ་ཨ་ལི་མུའུ་ཡིས་རྒྱལ་ས་མོ་ཀ་ཏི་ཧྲ་རུ་ས་གནས་དེ་གའི་སྨྱན་སྦྱོར་ལ། ཆུ་ལོག་གིས་ད་དུང་རྨང་གཞིའི་སྒྲིག་བཀོད་དང་ཁང་པ་འབོར་ཆེན་ལ་གཏོར་སྐྱོན་ཐེབས་ཏེ་མི་ཁྲི90ལྷག་ཡུལ་གྱར་དུ་བཏང་ཡོད་པར་བཤད། སྲིད་གཞུང་དང་མི་ཆོས་རིང་ལུགས་ཀྱི་ལས་ཁུངས་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་ཉེན་གྱར་མི་སྣར་འཚོལ་སྐྱོབ་བྱེད་བཞིན་ཡོད། 

འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས། ཉེ་བའི་ལོ་ཤས་རིང་གི་གནམ་གཤིས་ངན་ངོན་གྱིས་སོ་མ་ལིའི་བཀྲེས་ལྟོགས་མི་འབོར་གྱི་བསྡུར་ཚད་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཤིང་། ཐེངས་འདིའི་ཆུ་ལོག་མ་བྱུང་སྔོན་དུ་སོ་མ་ལིར་ལོ་ངོ40ལྷག་གི་ཐན་སྐྱོན་ཚབས་ཆེན་བྱུང་བ་རེད། ད་ཐེངས་ཀྱི་ཆུ་ལོག་འདི་ཡང་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ཆེས་ཚབས་ཆེ་ཤོས་ཤིག་རེད། སྔོན་དཔག་བྱས་ན་ལྟར་ན་ཟླ12པར་ཆར་དུས་མཇུག་སྒྲིལ་སྐབས་སོ་མ་ལིའི་མི་ཁྲི460ལྷག་ལ་བཀྲེས་ལྟོགས་ཀྱིས་མནར་ངེས་ཚུལ་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།