ཨ་རིའི་ཁྲེན་ན་ཏེ་མཁའ་འགྲུལ་དམག་དོན་རྟེན་རྫས་ཁང་དང་ཁྲེན་ན་ཏེ་འཕུར་སྐྱོད་སློབ་གླིང་བཙུགས་ཤིང་། ཅ་ལན་ཧུའེ་ཡིས་ལོ་མང་རིང་ཨ་ཀྲུང་དམངས་ཁྲོད་ཀྱི་མཛའ་བཤེས་ལ་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། འདི་དག་ཐམས་ཅད་ནི2002ལོར་ཁོང་དང་ཁོང་གི་ཨ་མ་གཉིས་ཐེངས་དང་པོར་ཀྲུང་གོར་ཡོང་བ་ནས་མགོ་བརྩམས་པ་ཡིན་ཏེ། སྐབས་དེ་དུས་སྤོ་བོ་ལགས་ངའི་ཨ་མ་ལགས་ལོ9ལ་སླེབས་སྐབས་ཀྲུང་གོར་ཕེབས་པ་དང་། ཨ་མས་སྤོ་བོ་ལགས་སོང་ཐེངས་གཅིག་ལ་ལོ་7འགོར་དོན་ཅི་ཡིན་པ་རྒྱུན་དུ་མཁྱེན་གྱི་མེད་ཅིང་། ང་ཚོ་ཀྲུང་གོར་ཐེངས་དང་པོ་ཡོང་ནས་དམག་འཁྲུག་གི་ལོ་རབས་ནང་ཀྲུང་གོར་བྱུང་བའི་གནས་ཚུལ་ཤེས་རྟོགས་ཐུབ་རྗེས། ཨ་མའི་སེམས་ནང་གི་དོགས་གཞི་ད་གཟོད་སངས་པར་གྱུར་ཞེས་ཅ་ལན་ཧུའེ་ཡིས་ཕྱིར་དྲན་བྱེད་བཞིན་དུ་གསུངས། དུས་དེ་ནས་བཟུང་ཁོང་དང་ཁོང་གི་ཨ་མས་ཨ་རིའི་མང་ཚོགས་མང་བོས་སྟག་མཆོང་རུ་ཁག་གི་གཏམ་རྒྱུད་དང་། དེ་བཞིན་ཀྲུང་གོའི་ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུའི་ལས་ལ་གཞོལ། ཅ་ལན་ཧུའེ་ཡིས་ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ལྗར་ཕན་གྱི་བཙན་འཛུལ་པར་དཔའ་ངར་ཞུམ་མེད་ངང་འགོག་རྒོལ་བྱས་པར་གུས་བཀུར་ཞུ་འོས། ངས་བལྟས་ན་ཕྱི་ཕྱོགས་ལ་འདི་དག་ཚང་མ་གསལ་བཤད་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་རེད་སྙམ། དུས་ནམ་ཡང་ལས་དོན་འདི་ངའི་བཟློག་མེད་ཀྱི་འགན་འཁྲི་ཞིག་ཏུ་བརྩི་བཞིན་ཡོད་ཅེས་གསུངས།
ལྗར་འགོག་དམག་འཁྲུག་སྐབས་དམག་དཔོན་ཆེན་མོ་ཁྲེན་ན་ཏེས་སྟག་མཆོང་རུ་ཁག་གི་སྣེ་ཁྲིད་དེ་ཀྲུང་གོའི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས། ཅ་ལན་ཧུའེ་ཡིས་བཅར་འདྲི་དང་ལེན་གནང་སྐབས། ང་ཚོས་ངེས་པར་དུ་ལོ་རྒྱུས་བློ་ལ་བརྟན་པོ་ངེས་དགོས་ཞེས་དང་། ང་ཚོར་རྩ་ཆེའི་མཛའ་བཤེས་དེ་རྒྱུན་འཛིན་དང་ཕན་ཚུན་སོ་སྲུང་རོགས་རེས་བྱས་ཏེ་ང་ཚོའི་བུ་རབས་ཚ་རྒྱུད་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་འགན་འཁྲི་ཡོད་ཅེས་ཐེངས་མང་དུ་གསུངས།
ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་རིང་། ལྟ་སྐོར་བྱ་ཡུལ་གཅིག་ཏུ་སླེབས་ན། ཅ་ལན་ཧུའེ་ཡིས་རྟག་ཏུ་དམག་དཔོན་ཁྲེན་ན་ཏེའི་འདྲ་པར་དང་མཉམ་དུ་པར་བརྒྱབ། སྤོ་བོ་ལགས་ཀྱི་འདྲ་པར་དེ་དག་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། གང་ཡིན་ཞེ་ན། དེ་ཐོག་ནས་ཀྲུང་གོའི་མང་ཚོགས་མང་པོ་ཞིག་གིས་ཁོའི་དཀའ་སྤྱོད་མཐའ་དག་སེམས་སུ་དྲན་གྱིན་ཡོད་པ་མཚོན་ཡོད་ཅེས་དང་། ཅ་ལན་ཧུའེ་ཡིས་ལོ་འདི་དག་ནང་ངས་ཀྲུང་གོའི་གོང་འཕེལ་དང་འགྱུར་ལྡོག་ཚོར་བྱུང་། གལ་ཏེ་སྤོ་བོ་ལགས་ཀྱིས་ཀྱང་དེང་གི་ཀྲུང་གོ་མཐོང་ཐུབ་ཚེ་དེ་ནི་ཅི་འདྲིའི་དགའ་འོས་པ་ཞིག་རེད་ཨང་ཞེས་གསུངས།
ཅ་ལན་ཧུའེ་ཡིས་བལྟས་ན། ལོ་རྒྱུས་ནི་ཡིག་ཐོག་ཕབ་དགོས་པ་དང་ངག་ནས་བཤད་དགོས་པ་ཞིག་ཡིན་ཞིང་། ལོ་རྒྱུས་དངོས་སུ་བརྒྱུད་མྱོང་མཁན་གྱིས་ཐུན་མོང་གི་དྲན་ཤེས་བརྒྱུད་སྤྲོད་བྱ་རྒྱུ་དེ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། ངས་བཅར་འདྲི་བྱེད་མྱོང་བའི་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ཚང་མས་ཀྲུང་གོ་མི་དམངས་ལ་བརྩི་འཇོག་དང་ཡིད་སྨོན་བྱེད་པ་མ་ཟད། ཁོ་ཚོས་ཀྲུང་གོ་མི་དམངས་དང་མཉམ་དུ་ལྗར་ཕན་གྱི་བཙན་འཛུལ་པར་འགོག་རྒོལ་བྱས་པས་སྤོབས་པ་སྐྱེ་བཞིན་ཡོད་ཅེས་བཤད། ཅ་ལན་ཧུའེ་ཡིས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཐུན་མོང་གི་ལོ་རྒྱུས་འདི་ཤེས་རྟོགས་བྱེད་དགོས་ལ། ང་ཚོ་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ཀྱི་རྗེས་རབས་པ་ཡིན་པའི་ཆ་ནས་དེ་བས་སྐད་ཆ་ཤོད་པའི་འོས་འགན་དང་། སྟག་མཆོང་རུ་ཁག་གི་གཏམ་རྒྱུད་མུ་མཐུད་ཤོད་པའི་འགན་འཁྲི་ཡོད་ཅེས་གསུངས།
ལོ4སོང་རྗེས་སླར་ཡང་ཀྲུང་གོར་ཕེབས་སྐབས། ཅ་ལན་ཧུའེ་ཡིས་ངོ་ཐུག་སྟེ་སྤེལ་རེས་བྱེད་པའི་སྟོབས་ཤུགས་ལ་མཐོང་ཆེན་གནང་ཞིང་། ཁོས་དེ་ལྟ་བུའི་སྤེལ་རེས་བྱས་ཚེ། རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་མཛའ་བཤེས་ལ་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་ངོས་འཛིན་བྱེད་ཀྱིན་ཡོད། ཁོང་གིས་ཨ་ཀྲུང་མང་ཚོགས་བར་སྤེལ་རེས་མང་བོ་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ་གཞི་ནས་ཕན་ཚུན་ཤེས་རྟོགས་ཡོང་ཐུབ། ང་ཚོ་རྒྱ་མཚོ་ཆེན་མོས་རིང་དུ་བཅད་སྐབས་ཐད་ཀར་ཕར་ཕྱོགས་གི་མྱོང་བ་རྟོགས་དཀའ་མོད། འོན་ཀྱང་ང་ཚོ་ཕན་ཚུན་གྱི་ས་གཞིའི་ཐོག་སླེབས་སྐབས་མིག་གིས་མཐོང་ས་གཅིག་ཏུ་གྱུར་ཏེ་ཚང་མ་རང་ཤུགས་སུ་གཅིག་མཐུན་ཡོང་ཐུབ་ཅེས་གསུངས།
ཅ་ལན་ཧུའེ་ཡིས་རྒྱལ་ཁབ་གཉིས་དང་ལྷག་པར་དུ་གཞོན་སྐྱེས་མི་རབས་ཀྱིས་སྟག་མཆོང་རུ་ཁག་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཆེན་པོ་ཡོད་ལུགས་བསྟན་པ་དང་། ཁོང་གིས་ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་ཀྱིན་ཡོད། ང་ཚོས་འཛམ་གླིང་ལ་མིག་དཔེ་བསྟན་ནས་མི་མཐུན་པའི་ཆ་ཟུར་དུ་བཞག་སྟེ་མཛའ་གྲོགས་ཀྱི་ལག་ཟུང་བརྐྱངས་ནས་ཐུན་མོང་གི་དམིགས་ཚད་ཕྱོགས་སུ་འབད་བརྩོན་བྱེད་དགོས་ཞེས་གསུངས། །