ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་ཕེབས་ནས་ཀྲུང་ཨའི་གཙོ་བདག་ཐུག་འཕྲད་གནང་བ་དང་ཆབས་ཅིག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པའི་ནང་ཞུགས་རྒྱུར་རེ་སྒུག་བྱེད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་མི་སྣས་ཀྲུང་ཨའི་གཙོ་བདག་གིས་ཅིའུ་ཅིན་ཧྲན་གྱི་ཐུག་འཕྲད་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཐོག་བསྐྱོད་པར་སྐུལ་འདེད་གཏོང་བར་རེ་བ་ཡོད་ཅིང་། ཐེངས་འདིའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྲུལ་བཞུད་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་སྔར་ལས་ཆེ་བ་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད།

ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་པོ་ཐེ·ཁུའུ་ཨེན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བསྟན་དོན། ཐེངས་འདིའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྲུལ་བཞུད་ལ་ཕྱོགས་སོ་སོས་རེ་སྒུག་བྱས་ཡོད། ཕྱོགས་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲིར་ཕེབས་པའི་རེ་སྒུག་དང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏེང་ཐུག་འཕྲད་གནང་བར་རེ་སྒུག་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་བཅུ་པར་ཞུགས་ནས་འཛམ་གླིང་ལ་ཧ་ཅང་གསལ་བའི་བརྡ་རྟགས་བཏང་བ་ནི། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཧ་ཅང་ཅང་གལ་ཆེ་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཧ་ཅང་གལ་ཆེན་པོ་ཡིན་པ་དེ་རེད། ཀྲུང་གོར་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕུན་སུམ་ཚོགས་པའི་ཉམས་མྱོང་ཡོད་པས། ཀྲུང་གོས་འགག་རྩའི་ཁྱབ་ཁོངས་ནང་ལེགས་སྐྱེས་གལ་ཆེན་འབུལ་ཆོག

ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའི་ལག་བསྟར་ཀྲུའུ་རེན་ལི་པེ་ཁ·མ་ལི་ཡས་ཐེངས་འདིའི་ཀྲུང་ཨའི་ཐུག་འཕྲད་ཀྱིས་འཛམ་གླིང་ལ་རེ་བ་དང་ཡིད་ཆེས་སྦྱིན་རྒྱུ་རེད། འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་གལ་ཆེན་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་ད་ལྟ་གནས་འདི་ནས་གླེང་མོལ་གལ་ཆེན་གནང་ནས་འཛམ་གླིང་གི་གོ་སྐབས་གསར་པའི་སྒོ་མོ་འབྱེད་རྒྱུ་ཡིན་པའི་ངོས་འཛིན་བྱས།

རྒྱལ་སྤྱིའི་མི་སྣས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་གནད་དོན་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་ཚུལ་གལ་ཆེན་ལ་གསན་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་སྔར་བས་ཆེ་བ་དང་དར་རྒྱས་ཡོང་བར་རེ་སྒུག་ཡོད་ཅེས་བསྟན།

སིང་ཀ་ཕོར་གཞུང་བཙུགས་སློབ་ཆེན་ཚོང་ལས་སློབ་གླིང་བཅོས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལུའུ་ཡའོ་ཆུན་གྱིས་ཀྲུང་གོའི་ཉམས་མྱོང་ལས་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་ཕན་པ་ཆེན་པོ་ལྡན། ཀྲུང་གོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་སྒོ་འབྱེད་ཁོང་ཡངས་ཀྱིས་གོ་ལ་ཧྲིལ་པོ་དང་ལྷག་པར་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མཐུན་སྒྲིལ་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ངོས་ནས་བལྟས་ན། ཀྲུང་གོས་རྒྱལ་ཁབ་ཁག་ཞི་བདེ་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་བསྐྲུན། དེ་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ཉམས་མྱོང་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་སྒྲིག་གཞི་ཁག་གི་ངོས་ནས་བཤད་ན་ཕན་ཐོགས་ཧ་ཅང་ཆེ་བར་འདོད།

ཕེ་རུའི་ཧྲེང་མ་སི་ཁོ་རྒྱལ་བཙུགས་སློབ་ཆེན་ཨེ་ཤེ་ཡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁ་ལུའོ་སི་ཨ་ཅི་ནུའོ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། འཛམ་གླིང་ཡག་ན་ཀྲུང་གོ་གཞི་ནས་ཡག་ཐུབ་པ་དང་། ཀྲུང་གོ་ཡག་ཚེ་འཛམ་གླིང་སྔར་བས་ཡག ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ས་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུན་པ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དམིགས་ཚད་དང་མཐུན། དེ་ནི་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པ་ཞིག་ཡིན་པས། འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན་དང་མཐུན།  །

རྩོམ་སྒྲིག་པ། : 才让东珠