ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་གིས་ཅཱ་ཧྲ་གྲོང་མཐའ་ནས་སྐོར་ཞིང་ཅཱ་ཧྲ་རྒྱུད་ཀྱི་གློག་འཕྲིན་དྲ་བ་ཡང་བསྐྱར་ཆད་འདུག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་དམག་འཁྲུག་ད་དུང་མཚམས་བཞག་མེད། དབྱི་སི་རལ་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས5ཉིན་དབྱི་སི་རལ་རྒྱལ་སྲུང་དམག་གི་མགྲིན་ཚབ་པས་བསྟན་པར། དབྱི་སི་རལ་དམག་གིས་ཅཱ་ཧྲ་གྲོང་མཐའ་སྐོར་པ་མ་ཟད། ཅཱ་ཧྲ་ས་ཁུལ་ཆ་གཉིས་སུ་བཏང་ཡོད། ཉིན་དེ་ནས་བཟུང་། ཅཱ་ཧྲ་རྒྱུད་དེ་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་ལ་དབྱེ་ཡོད། དེ་དང་ཆབས་ཅིག དབྱི་སི་རལ་དམག་གིས་མང་ཚོགས་རྣམས་སྔར་རྒྱུན་བཞིན་ཅཱ་ཧྲ་བྱང་རྒྱུད་ནས་ལྷོ་རྒྱུད་དུ་ཕྱིར་འཐེན་བྱས། ཕ་ལི་སི་ཐན་སྨྱན་སྦྱོར་གྱིས་ཚེས5ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། ཆུ་ཚོད་གཅིག་མ་སོང་བའི་ནང་། དབྱི་སི་རལ་དམག་གིས་ཅཱ་ཧྲ་ས་ཁུལ་ལ་མཁའ་ཐོག་འཇབ་རྒོལ་ཐེངས་བརྒྱ་ལྷག་བྱས་ཡོད།ཅཱ་ཧྲ་ས་ཁུལ་ཀྱི་ནང་སྲིད་ལས་ཁུངས་ཀྱིས་ཚེས5ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། འདས་ཟིན་པའི་ཆུ་ཚོད24ནང་། དབྱི་སི་རལ་དམག་གིས་ལིན་དཀར་མེ་ཤུགས་འཕུར་མདེལ་མང་པོ་འཕངས་བས་མེ་སྐྱོན་ཤོར། དབྱི་སི་རལ་གྱིས་དོན་དེར་ལན་ཅི་ཡང་བཏབ་མེད། དེ་མིན།ཕ་ལི་སི་ཐན་གློག་འཕྲིན་ཀུང་སིས་ཚེས5ཉིན་གྱི་དགོང་མོར་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་།ཅཱ་ཧྲ་ས་ཁུལ་གྱི་འཕྲིན་གཏོང་དྲ་བ་ཁྱོན་ཡོངས་ནས་ཆད་ཡོད། དེ་ནི་ཟླ10པའི་ཚེས27ཉིན་ནས་བཟུང་། ས་ཁུལ་དེ་གའི་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་ནས་ཆད་ཐེངས་གསུམ་པ་དེ་རེད། །

རྩོམ་སྒྲིག་པ། : 才让东珠