ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་ཐེངས་འདིའི་ཨེར་ཉི་ནུའོ་སྣང་ཚུལ་དེ་མ་མཐར་ཡང་སང་ལོའི་ཟླ4པའི་བར་རྒྱུན་མཐུད་རྒྱུའི་ངོས་འཛིན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་གནམ་གཤིས་སྒྲིག་འཛུགས་ཀྱིས་ཚེས8ཉིན་ཁྱབ་བསྒྲགས་བྱས་པའི་སྔོན་དཔག་གསར་ཤོས་ནང་། ཐེངས་འདིའི་ཨེར་ཉི་ནུའོ་སྣང་ཚུལ་དེ་མ་མཐར་ཡང་སང་ལོའི་ཟླ4པའི་བར་རྒྱུན་མཐུད་རྒྱུའི་ངོས་འཛིན་བྱས། ཨེར་ཉི་ནུའོ་སྣང་ཚུལ་དེས་གོ་ལ་ཧྲིལ་པོའི་དྲོད་ཚད་དང་ཆར་ཆུ་འབབ་ཚད་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་། ཆ་སྙོམས་ཀྱིས་ལོ་གཉིས་ནས7བར་ལ་ཐེངས་གཅིག་ཐོན་བཞིན་ཡོད་པ་དང་། དུས་རྒྱུན་དུ་ཟླ9བ་ནས་ཟླ12བར་རྒྱུན་མཐུད་ཀྱིན་ཡོད། ཉེ་ཆར་ཨེར་ཉི་ནུའོ་ཡིས་ཤུགས་རྐྱེན་ཐེབས་པའི་འོག ཁེན་ཉི་ཡ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་དྲག་ཆར་བབས་པའི་གནམ་གཤིས་བསྟན་མོད། འོན་ཀྱང་པ་ཙེར་སོགས་རྒྱལ་ཁབ་ཏུ་ཐན་སྐྱོན་ཚབས་ཆེན་བྱུང་འདུག

རྩོམ་སྒྲིག་པ། : 才让东珠