ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས8ཉིན2023ལོར་མནའ་འབྲེལ་ཨུ་ཡོན་ནང་ཞུགས་མཁན་གྱི་ལོ་འཁོར་དཔྱད་དཔོག་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། ཡོ་རོབ་མནའ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་དང་མོར་ཏུའོ་ཝ་གཉིས་ཡོ་རོབ་མནའ་འབྲེལ་ནང་ཞུགས་པར་གྲོས་མོལ་མགོ་རྩོམ་པའི་གྲོས་མགོ་བཏོན་ཡོད་པས། 2022ལོའི་ཟླ6པར། རྒྱལ་ཁབ་གཉིས་པོ་ཡོ་རོབ་མནའ་འབྲེལ་གྱི་འོས་འདེམསས་རྒྱལ་ཁབ་ཏུ་གྱུར། ཡོ་རོབ་མནའ་འབྲེལ་ནང་ཞུགས་པའི་དབྱེན་འབྱེད་གྲོས་མོལ་མ་བྱས་གོང་། ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་ད་དུང་གོ་རིམ་འགའ་བརྒྱུད་དགོས། ཡོ་རོབ་མནའ་འབྲེལ་ནང་ཞུགས་པའི་དབྱེན་འབྱེད་གྲོས་མོལ་དེ་སྤྱིར་བཏང་དུ་དུས་ཡུན་ལོ་འགའ་མཁོ། །
ཡོ་རོབ་མནའ་འབྲེལ་གྱིས2023ལོར་མནའ་འབྲེལ་ནང་ཞུགས་མཁན་གྱི་ལོ་འཁོར་དཔྱད་དཔོག་སྙན་ཞུ་ཁྱབ་བསྒྲགས་བྱས་པ།
ཡོང་ཁུངས། : ཞིན་ཧྭ་དྲ་བ།
སྤེལ་དུས། : 2023-11-20
རྩོམ་སྒྲིག་པ། : 才让东珠