ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་གི་མགྲིན་ཚབ་པས་ཚེས8ཉིན་བསྟན་དོན། དབྱི་སི་རལ་དམག་གིས་མུ་མཐུད་དུ་ཅཱ་ཧྲ་རུ་འཛུལ་དཔུང་བཅུག་པ་དང་། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་རྟེན་གཞི་གཏོར་བ་མ་ཟད། མེ་ཤུགས་འཕུར་མདེལ700ཙམ་དགྲ་ལག་ནས་འཕྲོག གཞན་ཡང་། དབྱི་སི་རལ་ཕྱོགས་ནས་ཚེས8ཉིན་སླར་ཡང་ས་ལ་ཧ་ཏིང་གཞུང་ལམ་ཁ་འགྲེམ་འཁྱམ་ར་བྱས་ཏེ་སྒོ་ཕྱེ་ཞིང་། ཅཱ་ཧྲ་རྒྱུད་ཀྱི་མང་ཚོགས་ལྷོ་ཕྱོགས་སུ་ཕྱིར་འཐེན་བྱེད་པར་འདོན་སྤྲོད་བྱས། ཉིན་དེར་མི་གྲངས་ཁྲི5ཙམ་ཅཱ་ཧྲ་བྱང་རྒྱུད་ནས་ལྷོ་རྒྱུད་དུ་ཕྱིར་འཐེན་བྱས།
ཧ་མ་སིའི་ཁོངས་གཏོགས་དྲག་ཆས་ཤོག་ཁག་ཁ་སང་བརྒྱ་ཤོག་གིས་ཚེས8ཉིན་གསལ་བསྒྲགས་སྤེལ་ཏེ། ཅཱ་ཧྲ་བྱང་རྒྱུད་དང་དེ་བཞིན་ཅཱ་ཧྲ་གྲོང་གི་ལྷོ་ནུབ་ས་ཁུལ་དུ་དབྱི་སི་རལ་དམག་གི་ཐན་ཁེ་དང་དམག་སྤྱོད་རླངས་འཁོར་མང་པོ་གཏོར་ཡོད། དབྱི་སི་རལ་དམག་གིས་མུ་མཐུད་དུ་ཅཱ་ཧྲ་རྒྱུད་དུ་དཔུང་འཇུག་བྱེད་པའི་གནས་ཚུལ་འོག ཧ་མ་སིས་དམག་འཐབ་མཚམས་འཇོག་བྱེད་མི་སྲིད་ཅེས་བཤད། །