ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་ཡུན་ཉིན4ཡིན་པའི་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་ཚེས13ཉིན་འཇར་མན་རྒྱལ་ཁབ་ཀྱི་ཏུའུ་སའེ་ཨར་ཏའོ་ཧྥུའུ་འགྲེམ་སྟོན་ལྟེ་གནས་ནས་འཚོགས་མགོ་བརྩམས། ཀྲུང་གོའི་ཁེ་ལས1400ལྷག་གིས་ཐོན་རྫས་གསར་བ་མནན་ནས་འགྲེམ་ཚོགས་ལ་ཞུགས།
པར་འདི་ནི་ཟླ11པའི་ཚེས13ཉིན་ཚོགས་ཞུགས་མི་སྣས་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་ལྟ་བཞིན་པའི་རྣམ་པ་རེད།
ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་འགྲེམ་ཚོགས་ནི་སྣ་འཛོམས་རང་བཞིན་གྱི་སྨན་བཅོས་སྒྲིག་ཆས་ཀྱི་འགྲེམ་སྟོན་ཞིག་ཡིན་ལ། དེའི་གཞི་རྒྱ་དང་ཤུགས་རྐྱེན་ནི་རྒྱལ་སྤྱིའི་རིགས་མཐུན་འགྲེམ་སྟོན་གྱི་མདུན་གྲས་སུ་ཚུད་ཡོད། ཐེངས་འདིའི་འགྲེམ་ཚོགས་སྟེང་རྒྱལ་ཁབ་དང་ས་ཁུལ70ནས་ཡོང་བའི་ཁེ་ལས5500ལྷག་ཞུགས་ཤིང་། གཙོ་བོར་སྨན་བཅོས་ཡོ་བྱད་སྒྲིག་ཆས་དང་དངོས་བཤེར་ཁང་གི་དབྱེ་ཞིབ་ངོས་འཛིན། གློག་རྡུལ་སྨན་བཅོས། སྨན་ལས་རྒྱུ་ཆ། དངོས་བཅོས་ཡོ་བསྲང་བཅས་ཁྱབ་ཁོངས་ལྔ་ཡི་ཐོན་རྫས་དང་ཞབས་ཕྱི་འདུས་ཡོད་པ་རེད། འགྲེམ་ཚོགས་སྐབས་སྨན་བཅོས་གླེང་སྟེགས་དང་འཆད་ཁྲིད་ཐེངས200ལྷག་བསྒྲུབ་སྟེ་གཞི་གྲངས་ཆེན་མོ་དང་སྤོ་འགུལ་སྨན་བཅོས་སོགས་ཀྱི་བེད་སྤྱོད་དང་འཕེལ་རྒྱས་ཐད་བགྲོ་གླེང་གནང་རྒྱུ་རེད།
ཐེངས་འདིའི་འགྲེམ་ཚོགས་སྟེང་། ལེ་ཕུའུ་སྨན་བཅོས་དང་ཨན་ཐུའུ་སྐྱེ་དངོས་སོགས་ཀྲུང་གོའི་ཁེ་ལས1400ལྷག་གིས་ཐོན་རྫས་གསར་བ་མནན་ནས། གོ་ལ་ཧྲིལ་བོའི་སྨན་བཅོས་ཁྲོམ་རར་ཁྱོན་ཡོངས་དང་སྣ་མང་ཅན་གྱི་ནད་ཐོག་སྨན་བཅོས་ཀྱི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་སྨན་བཅོས་ཡོ་བྱད་ལས་རིགས་ལ་ཀྲུང་གོའི་སྟོབས་ཤུགས་གལ་ཆེན་ཕུལ་རྒྱུ་རེད།
པེ་ཅིན་རེ་ཅིན་སྐྱེ་དངོས་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལིན་ཁྲང་ཆིན་གྱིས་གསར་འགོད་པར། ཐེངས་འདིའི་འགྲེམ་ཚོགས་ཀྱིས་སྨན་བཅོས་ལས་རིགས་ཀྱི་ལས་སྒྲུབ་མི་སྣ་རྣམས་ལ་བསམ་བློ་བརྗེ་རེས་བྱེད་པའི་གར་སྟེགས་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད་ལ། ཁོ་ཚོས་འཛམ་གླིང་གི་ཤེས་ཡོན་པ་རྣམས་དང་མཉམ་དུ་མིའི་རིགས་ཀྱི་བདེ་ཐང་ལས་དོན་ལ་ཐུག་འཁུར་དང་གནད་ཁེལ་སྨན་བཅོས་ཀྱི་ཇུས་གཞི་འདོན་སྤྲོད་བྱ་རྒྱུ་ཡིན་པར་བཤད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཚོགས་ཞུགས་མི་སྣས་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་སྒྲིག་ཆས་ལ་མྱོང་རོལ་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་སྨན་བཅོས་སྒྲིག་ཆས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་སྨན་བཅོས་སྒྲིག་ཆས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་སྨན་བཅོས་སྒྲིག་ཆས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་སྨན་བཅོས་སྒྲིག་ཆས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་ཨན་ཅན་ཚན་རྩལ་ཀུང་སིའིCTཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་ཁེ་མན་སྨན་ལས་ཀུང་སིའི་སྒྲིག་ཆས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་མའེ་རའེ་སྨན་ལས་ཀུང་སིའི་སྒྲིག་ཆས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་སྨན་བཅོས་སྒྲིག་ཆས་ཀྱི་འགྲེམ་སྟེགས་ནས་ཚད་བརྒལ་སྒྲ་རླབས་སྒྲིག་ཆས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ11པའི་ཚེས13ཉིན་ཏུའུ་སའེ་ཨར་ཏའོ་ཧྥུའུ་རྒྱལ་སྤྱིའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཀྱི་འགྲེམ་ཚོགས་སྟེང་ལྟད་མོ་བས་ལིན་ཐའེ་ཀུང་སིའི་འགྲེམ་སྟེགས་མདུན་ནས་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།