ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་བལ་ཡུལ་ལ་ཁ་ཕྱོགས་པའི་རི་རྩེ་འགག་སྒོ་ཤར་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས13ཉིན། ཀྲུང་གོ—ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་བགྲོད་ལམ་རི་རྩེ་འགག་སྒོ་བདེ་བླག་ངང་ཤར་གཏོང་བྱས། འདི་ནི་འགྲམ་དང་སྐྱིད་ལུང་། སྤུ་ཧྲེང་བཅས་འགག་སྒོ་གསུམ་གྱི་རྗེས་སུ་ཤར་གཏོང་བྱས་པའི་འགག་སྒོ་བཞི་བ་དེ་རེད། 

རི་རྩེའགག་སྒོ་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གམ་པ་རྫོང་ཡར་རྭ་ཤང་དུ་གནས་ཤིང་། བོད་ལྗོངས་ཀྱི་ས་བབ་ཆེས་མཐོ་བའི་འགག་སྒོ་ཡིན་ལ། བལ་བོ་དང་འབྲེལ་ཡོད་པས་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཞིག་ལ་རྒྱལ་ཁབ་གཉིས་བར་ཚྭ་འབྲུ་བརྗེ་རེས་བྱེད་ས་ཞིག་རེད། 2017ལོར་རི་རྩེའགག་སྒོ་དེ་རྒྱལ་ཁབ་འགག་སྒོ་སྒོ་འབྱེད་ཀྱི་འཆར་གཞི་ནང་བཞག་ལ2019ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆོག་མཆན་ཐོབ། འགག་སྒོ་དེ་འཛུགས་སྐྲུན་བྱས་ཚུན་དུ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར4བཏང་སྟེ། རྒྱལ་སྒོ་ཞིབ་བཤེར་ཐོག་ཁང་དང་དངོས་འདྲེན་ཞིབ་བཤེར་ར་བ། འགག་སྒོའི་འཕྲལ་བསྟུན་འགན་སྲུང་ལྟེ་གནས། མཐའ་མཚམས་ཞིབ་བཤེར་མཁོ་བསྟུན་དང་ཆ་འཕྲིན་བཀོད་འདོམས་ལྟེ་གནས་སོགས་ལས་གཞི23ལེགས་འགྲུབ་བྱུང་ཞིང་། ད་ལོའི་ཟླ9པའི་ཚེས19ཉིན་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་ཐོབ།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཝང་ཧྥང་ཧུང་གིས། མཐའ་མཚམས་ཀྱི་འགག་སྒོ་འདི་ཤར་གཏོང་བྱས་པ་དང་བསྟུན་ནས། སྔར་ལས་ལྷག་པར་བོད་ལྗོངས་ཀྱི་འགག་སྒོ་ལེགས་སྒྲིག་བྱས་ཤིང་། ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྣམ་པ་ཆགས་པར་རོགས་འདེགས་བྱས་པ་མ་ཟད། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་འབྱེད་བགྲོད་ལམ་དང་ཧི་མ་ལ་ཡའི་མཐའ་སྐོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་ཏེ། ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།