ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཨའི་སྲིད་ཏང་བར་གྱི་གླེང་མོལ་སྐབས་བཅུ་གསུམ་པ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས23ཉིན། ཀྲུང་ཨའི་སྲིད་ཏང་བར་གྱི་གླེང་མོལ་སྐབས་བཅུ་གསུམ་པ་བརྙན་ལམ་བརྒྱུད་ནས་འཚོགས། ཕྱོགས་གཉིས་ཀྱིས“ཀྲུང་ཨའི་བར་ཕན་ཚུན་ཤེས་རྟོགས་དང་གཉིས་ཕན་མཉམ་ལས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་གཏིང་ཟབ་དང་དགེ་མཚན་ལྡན་པའི་སྒོ་ནས་བསམ་བློ་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་གླེང་མོལ་ནང་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་། ཀྲུང་གོ་ཕྱོགས་ཀྱི་པུའུ་ཨུ་དང་ས་གནས་སྲིད་གཞུང་། མཐོ་རིམ་སློབ་གྲྭ། དེ་མིན་ཨ་རིའི་དམངས་གཙོ་སྤྱི་མཐུན་ཏང་ཁག་གཉིས་དང་ས་གནས། རིག་མཛོད་བཅས་ཀྱི་ཀྲུང་ཕྱིའི་འཐུས་མི50ལྷག་ཐེངས་འདིའི་གླེང་མོལ་ནང་ཞུགས།

ཕྱོགས་གཉིས་ཀྱིས། ཀྲུང་ཨ་རྒྱལ་ཁབ་གཉིས་ཅི་ལྟར་མཉམ་གནས་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་ཕྱོགས་གཉིས་ཀྱིས་བྱེད་ཐབས་སྤྱད་དེ་ཀྲུང་ཨའི་འབྲེལ་བ་སླར་ཡང་རྒྱུན་གཏན་གྱི་བགྲོད་ལམ་སྟེང་བསྐྱོད་དེ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཡིན་པ་མ་ཟད། བུ་རབས་ཚ་རྒྱུད་ལའང་བདེ་སྐྱིད་སྐྲུན་པ་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་། ཀྲུང་གོ་དང་ཨ་རི་གཉིས་ཀྱིས་ངེས་པར་དུ་ཕན་ཚུན་ལ་བརྩི་བཀུར་དང་ཞི་བདེ་མཉམ་གནས་བྱེད་པ་ལས་འགྲན་རྒོལ་དང་གདོང་གཏུག་བྱེད་མི་རུང་བ་དང་། བརྗེ་རེས་དང་གླེང་མོལ་བྱེད་པར་ཤུགས་བསྣན་ནས་མི་དམངས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་བཏང་སྟེ་གཉིས་ཕན་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོ་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་གུང་ཁྲན་ཏང་དང་ཨ་རིའི་ཏང་ཁག་གཉིས་བར་བསམ་བློ་བརྗེ་རེས་དང་གླེང་མོལ་བྱེད་པར་མོས་མཐུན་བྱུང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།