ཀྲུང་གོ་བོད་ཀྱི་དྲ་བ།

སེབ་རུ་སིའི་ཙུང་ཐུང་གསར་པས་འགན་བཞེས་དམ་བཅའ་བཞག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ2པའི་ཚེས28ཉིན་སེབ་རུ་སི་ཡི་རྒྱལ་ས་ཉི་ཁོ་ཞི་ཡ་རུ་ཧོ་ལི་སི་ཐའོ་ཙུའུ་ལི་ཅི་སི་ཡིས་དབྱི་ཧུའེ་གྲོས་ཚོགས་སུ་བསྡུས་པའི་ཙུང་ཐུང་གི་འགན་བཞེས་མཛད་སྒོའི་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས28ཉིན། ཧོ་ལི་སི་ཐའོ་ཙུའུ་ལི་ཅི་སི་ཡིས་སེབ་རུ་སིའི་ཙུང་ཐུང་གསར་པའི་འགན་བཞེས་དམ་བཅའ་བཞག ཧོ་ལི་སི་ཐའོ་ཙུའུ་ལི་ཅི་སི་ཡིས་ཚེས12ཉིན་བསྡུས་པའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་ཁྲོད51.97%གྱི་འདེམས་ཤོག་ཐོབ་སྟབས་སེབ་རུ་སིའི་ཙུང་ཐུང་གསར་པར་བདམས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།