ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་སྲུང་སྐར་དྲ་བའི་བསྒྲགས་པ་ལྟར་ན། ཨུ་རུ་སིའི་འཕྲལ་བསྟུན་སྡེ་ཁག་གི་མི་སྣས་བསྟན་དོན། ཡུལ་སྐོར་བ་སྐྱེལ་བའི་གྱེན་འཕུར་གནམ་གྲུ་ཞིག་ཁན་ཁྲ་ཅཱ་མཐའ་མཚམས་ས་ཁུལ་དུ་སར་ལྷུང་བ་དང་། གནམ་གྲུ་སྟེང་ཁྱོན་མི16ཡོད་ཅིང་། དེ་ལས་མི8སྲོག་ཉེན་ལས་ཐར།
ཐོག་མའི་ཆ་འཕྲིན་ལས་མངོན་པ་ལྟར་ན། གྱེན་འཕུར་གནམ་གྲུ་སར་ལྷུང་སའི་གནས་དེ་ནི་ཁན་ཁྲ་ཅཱ་མཐའ་མཚམས་ས་ཁུལ་གྱི་ཁུ་ལའོ་ནའོ་ཅི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད།
ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གནས་ཚུལ་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། སར་ལྷུང་བའི་གྱེན་འཕུར་གནམ་གྲུ་སྟེང་ཁྱོན་མི16ཡོད་ཅིང་། འཕྲལ་བསྟུན་སྡེ་ཁག་གི་མགྲིན་ཚབ་པས་བཤད་པ་ལྟར་ན། དེའི་ཁྲོད་ཀྱི་མི13ཡུལ་སྐོར་བ་ཡིན་ཞིང་། མི3གནམ་གྲུའི་སྟེང་གི་ལས་སྒྲུབ་མི་སྣ་རེད་ཟེར།།