ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་གསར་དུ་བདམས་པའི་ཙུང་ཐུང་གིས་ཨ་མེ་རི་ཁས་དབྱི་ལིང་གི་དྲང་བདེན་མིན་པའི་བཀག་སྡོམ་ཡོད་ཚད་མེད་པར་གཏོང་དགོས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ6པའི་ཚེས21ཉིན། དབྱི་ལིང་གི་གསར་དུ་བདམས་པའི་ཙུང་ཐུང་ལའེ་ཞེ་ཏི་ཧེ་ལན་ནས་བདམས་ཐོན་བྱུང་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མར་ཞུགས། 

2.jpg

ཟླ6པའི་ཚེས21ཉིན།  དབྱི་ལིང་གི་གསར་དུ་བདམས་པའི་ཙུང་ཐུང་ལའེ་ཞེ་ཏི་ཧེ་ལན་ནས་བདམས་ཐོན་བྱུང་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་གསར་དུ་བདམས་པའི་ཙུང་ཐུང་ལའེ་ཞེ་ཚེས་ཉེར་གཅིག་ཉིན་ཏི་ཧེ་ལན་ནས་སྤེལ་བའི་བདམས་ཐོན་བྱུང་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མར་ཞུགས། ཁོས་བསྟན་དོན། ཨ་མེ་རི་ཁས་དྲང་བདེན་མིན་པའི་བཀག་སྡོམ་ཡོད་ཚད་མེད་པར་གཏོང་བའི་འགན་འཁྲི་ཡོད་པ་དང་། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་གི་དམ་བཅའ་ལག་བསྟར་བྱེད་དགོས་ཟེར། 

ལའེ་ཞེ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་ནས་རང་གི་དམ་བཅའ་ལག་བསྟར་བྱེད་དགོས། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་ཨ་མེ་རི་ཁའི་གནོན་ཤུགས་དང་ཕྱི་ཕྱོགས་སྲིད་ཇུས་ལ་མགོ་མི་སྒུར་བར། ཁོ་ཚོའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱེད་དགོས་ཟེར། 

ཁོས་ད་རུང་བསྟན་དོན། དབྱི་ལིང་གིས་ས་ཁུལ་གྱི་སྲིད་ཇུས་དང་རྒྱལ་སྲུང་གནད་དོན་ཐད་ནས་རྒྱལ་ཁབ་གཞན་པའི་བར་གྲོས་མོལ་བྱེད་མི་སྲིད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།