ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི2020ལོར་ཡོ་རོབ་གླིང་གི་ཆེད་ཁེ་ཅུས་ལ་རེ་ཞུ་བྱས་པའི་གྲངས་ཀས་ཟིན་ཐོ་སྐྲུན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ཆེད་ཁེ་ཅུས་ཚེས16ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར་བསྡུ་ལེན་བྱས་པའི་ཀྲུང་གོའི་ཆེད་ཁེ་ལས་གཞི13432རེ་ཞུ་བྱས་པ་དེ། དུས་མཉམ་ལས9.9%འཕར་བ་དང་། ཀྲུང་གོས་ཡོ་རོབ་གླིང་གི་ཆེད་ཁེ་ཅུས་ལ་ཆེད་ཁེ་རེ་ཞུ་བྱས་པའི་གྲངས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་སྐྲུན།

ཆེད་ཁེ་རེ་ཞུ་བྱས་པའི་རྒྱལ་ཁབ་སྔོན་མ་ལྔ་ནི། ཨ་མེ་རི་ཁ་དང་འཇར་མན། འཇར་པན། ཀྲུང་གོ་དང་ཧྥ་རན་སི་བཅས་ཡིན། ཀྲུང་གོའི་ཆེད་ཁེ་རེ་ཞུ་བྱས་པ་ཆེས་མང་པའི་ལག་རྩལ་ཁྱབ་ཁོངས་གསུམ་ནི་གྲངས་འཛིན་འཕྲིན་གཏོང་དང་། རྩིས་འཁོར་ལག་རྩལ། དེ་མིན་ཁྱབ་ཁོངས་གཅིག་ཡིན་པའི“གློག་ཤུགས་འཕྲུལ་ཆས་དང་། སྒྲིག་ཆས། ནུས་ཁུངས”ཡིན་ཞིང་། དེའི་ཁྲོད་ཀྱི་གྲངས་འཛིན་འཕྲིན་གཏོང་ཁྱབ་ཁོངས་ཀྱི་ཆེད་ཁེ་རེ་ཞུས་རྒྱལ་ཁབ་དེ་དག་ཚང་མས་ཡོ་རོབ་གླིང་གི་ཆེད་ཁེ་ཅུས་ལ་རེ་ཞུ་བྱས་པའི་ཁྱབ་ཁོངས་གཅིག་པའི་ཆེད་ཁེ་བསྡོམས་འབོར་གྱི26.5%ཟིན་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།