ཀྲུང་གོ་བོད་ཀྱི་དྲ་བ།

ཀི་ལུའུ་ཅི་ཡཱའི་གྲོས་ཁང་ནེ་ཀིའི་ཁོངས་མི་གསར་བའི་མིང་ཐོར་གྲོས་འཆམ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱའི་གྲོས་ཁང་གིས་ཚེས་ཉེར་བཞིའི་ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཤིང་། འདེམ་ཤོག་འཕངས་ཏེ་སྲིད་འཛིན་ཏང་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་དང་དམངས་གཙོའི་ཀི་ལུའུ་ཅི་ཡཱ་ཏང་གིས་མིང་འདོན་བྱས་པའི་ཙུང་ལིའི་འདེམ་སྒུག་མི་སྣ་དང་ནེ་ཀིའི་ཁོངས་མི་གསར་བའི་མིང་ཐོར་གྲོས་འཆམ་བྱུང་། 

ཉིན་དེའི་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བརྡས་ཆོད་ཁྲོད། ཙུང་ལིའི་འདེམ་སྒུག་མི་སྣ་དང་ནེ་ཀིའི་ཁོངས་མི་གསར་བའི་མིང་ཐོར་འདེམ་ཤོག་གྱ་ལྔ་ཡིད་འཐད་བྱུང་ཡོད། མཉམ་འབྲེལ་མི་རིགས་ལས་འགུལ་ཏང་སོགས་ངོ་རྒོལ་ཏང་ཁག་གི་གྲོས་མི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་མེད། 

ཀི་ལུའུ་ཅི་ཡཱའི་ཕུགས་འདུན་དང་དམངས་གཙོའི་ཀི་ལུའུ་ཅི་ཡཱ་ཏང་གིས་ཚེས་བཅུ་བཞི་ཉིན་ལྟ་སྐྱོང་ཙུང་ལི་ཅཱ་ཧཱ་ལི་ཡཱ་ཙུང་ལི་གསར་བའི་འདེམ་སྒུག་མི་སྣར་མིང་བཏོན་པ་དང་། ཅཱ་ཧཱ་ལི་ཡཱ་ཡིས་དེའི་རྗེས་སུ་གྲོས་ཁང་ལ་ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོ་སྤྲད་པ་རེད། ནེ་ཀི་གསར་བར་བསྡོམས་པས་པུའུ་ཀྲང་བཅུ་གཅིག་ཡོད། ཁྲིམས་འཛིན་པུའུ་ཀྲང་ལས་གཞན་པུའུ་ཀྲང་ཚང་མ་སྔར་སོར་བཞག་ཡོད་པ་རེད། 

ཀི་ལུའུ་ཅི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ལི་གསར་བའི་འདེམ་སྒུག་མི་སྣ་དང་ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོར་ངེས་པར་དུ་གྲོས་ཁང་གི་ཕྱེད་གྲངས་ལས་བརྒལ་བའི་གྲོས་མིའི་རྒྱབ་སྐྱོར་ཐོབ་ན་ད་གཟོད་གྲོས་འཆམ་འབྱུང་ཐུབ།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།