ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དུ་ཉ་འཛིན་མཚོ་གྲུ་ཞིག་དང་ཟོག་འདྲེན་མཚོ་གྲུ་ཞིག་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་གཅིག་ཤི་བ་དང་མི་བཅུ་གཅིག་རྨས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། འཇར་པན་གྱི་ཉ་འཛིན་མཚོ་གྲུ་ཞིག་དང་ཟོག་འདྲེན་མཚོ་གྲུ་ཞིག་ཚེས་ཉེར་བརྒྱད་ཉིན་གྱི་ཐོ་རེངས་ཀྱི་ཆར་ཚི་ཁྲེང་རྫོང་ལུའུ་ཏའོ་གྲུ་ཁའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་གདོང་ཐུག་བྱུང་ནས།  མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་ལ་རྨས་ཕོག

འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེའི་ཐོ་རེངས་ཀྱི་དུས་ཚོད་ལྔ་དང་སྐར་མ་སོ་ལྔ་ཡས་མས་སུ། འཇར་པན་གྱི་མཚོ་ཐོག་བདེ་སྲུང་ལྟེ་གནས་སུ་ཉ་འཛིན་མཚོ་གྲུ་དང་ཟོག་འདྲེན་མཚོ་གྲུ་གདོང་ཐུག་བརྒྱབ་པའི་གནས་ཚུལ་འབྱོར་རྗེས། དེ་འཕྲལ་སྐོར་ཞིབ་གྲུ་གཟིངས་དང་ཐད་འཕུར་གནམ་གྲུ་རོགས་སྐྱོབ་དངོས་ཀྱི་ཁྲོད་ཞུགས།

ཤྭ་བའི་གླིང་ཕྲན་གྱི་མཚོ་ཐོག་བདེ་སྲུང་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་རྗེས་ཉ་འཛིན་མཚོ་གྲུའི་གྲུ་པ་དང་འགྲུལ་པ་བཅུ་གཉིས་པོ་ཚང་མ་ཆུར་ལྷུང་བ་དང་། དེའི་ནང་གི་འགྲུལ་པ་ཞིག་རྐྱེན་ལམ་དུ་ཤོར་བ་དང་ལྷག་མའི་མི་བཅུ་གཅིག་ལ་རྨས་སྐྱོན་ཕོག གཞན་ཡང་འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉ་འཛིན་མཚོ་གྲུ་དང་གདོང་ཐུག་བརྒྱབ་པའི་ཟོག་འདྲེན་མཚོ་གྲུ་་ཀོང་ཏའོ་གྲོང་ཁྱེར་ནས་ཡོང་བ་དང་། དེའི་ཁོངས་གཏོགས་ཀུང་ཟིས་ཟོག་འདྲེན་མཚོ་གྲུའི་ནང་གི་མི་སྣར་རྨས་སྐྱོན་ཕོག་མེད་ཟེར།

མིག་སྔར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།