ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ས་ཆ་མང་པོ་རུ་འཁྲུག་རྩོད་བྱུང་ནས་མི་ང་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་པོས་ཚེས་བཅུ་བདུན་ཉིན་བདེནདཔང་བྱས་པ་ལྟར་ན། ཨ་ཧྥུའུ་ཧན་ཤར་རྒྱུད་ཀྱི་ནན་ཀི་ཧྭ་ཨེར་ཞིང་ཆེན་དང་ནུབ་རྒྱུད་པཱ་ཏི་ཅི་སི་ཞིང་ཆེན་དུ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣའི་བར་གྱི་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་དམག་མི་ཉེར་གསུམ་དང་དྲག་ཆས་མི་སྣ་སོ་གཅིག་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།

ནན་ཀི་ཧྭ་ཨེར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་ཐཱ་ཝུའུ་ལ.ཧུའུ་ཅི་ཡ་ཉི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར། དྲག་ཆས་མི་སྣས་ཧུའུ་ཅི་ཉི་ཡ་དང་ཞི་ཨེར་ཀྲ་ཏི། ཞི་སཱ་ལ་ཁི་སོགས་ས་ཆས་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱས་པ་དང་། བདེ་འཇགས་དམག་དཔུང་གིས་དེའི་རྗེས་སུ་ཕྱིར་རྒོལ་བྱས་པར་མ་ཟད་ཕྱིར་ཟློག་བྱས་ལ། བསྡོམས་པས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་དམག་མི་ཉི་ཤུ་དང་དྲག་ཆས་མི་སྣ་ཉེར་དགུ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། དེ་ལས་གཞན་དམག་མི་བཅུ་དྲུག་དང་དྲག་ཆས་མི་སྣ་ཉི་ཤུ་ལ་རྨས་ཕོག་ཟེར།

པཱ་ཏི་ཅི་སི་ཞིང་ཆེན་ཁཱ་ཏིས་སི་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧའེ་ཏི་ཨེར.ཞའེ་ལིས་ཧྥེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གིས་གསར་འགོད་པར་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར། དྲག་ཆས་མི་སྣ་སྐོར་ཞིག་གིས་ས་ཁུལ་དེའི་སྲིད་གཞུང་གཞུང་སྒྲུབ་ཐོག་ཁང་བཙན་བཟུང་བྱེད་རྩིས་བྱས་ན་ཡང་། བདེ་འཇགས་དམག་དཔུང་གིས་ཕྱིར་ཟློག་བྱས་ལ། དམག་མི་གསུམ་དང་དྲག་ཆས་མི་སྣ་གཉིས་འཐང་འཛིང་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། དེ་ལས་གཞན་དམག་མི་དྲུག་དང་དྲག་ཆས་མི་སྣ་ལྔར་རྨས་ཕོག །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།