ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་ཕྱི་ཕྱོགས་འཇབ་རྒོལ་ལས་པེ་རུ་ཐིའི་གྲུ་ཁའི་འགས་གཏོར་བཟོས་པར་ཡང་ཁྲིགས་ཁྲིགས་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བདུན་ཉིན་བསྟན་དོན། རྒྱལ་ས་པེ་རུ་ཐིའི་གྲུ་ཁ་ས་ཁུལ་གྱི་འགས་གཏོར་ནི་ཕྱི་ཕྱོགས་འཇབ་རྒོལ་ལས་བཟོས་པར་ཡང་ཁྲིགས་ཁྲིགས་མེད་ཟེར། 

ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་ལས་བཤད་རྒྱུར། ཨོ་ཨིན་གྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་གསར་འགོད་པ་རེ་འགར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། འགས་གཏོར་གྱི་འབྱུང་རྐྱེན་རྟོག་ཞིབ་བྱ་བ་དེས་གཙོ་བོ་འགད་རྫས་ནི་ཇི་ལྟར་མཛོད་ཁང་དུ་ཁྱེར་ཡོང་བ་དང་། འགས་གཏོར་དེ་ནི་སེམས་ཆུང་མ་བྱས་པས་ཡིན་ནམ་ཡང་འཕུར་མདའ་དང་འགད་རྫས་སོགས་ཕྱི་ཕྱོགས་ནས་གཏོང་འཕེན་བྱས་པའི་མཇུག་འབྲས་ཡིན་པ་སོགས་ཕྱོགས་འགའ་དམིགས་སུ་འཛིན་དགོས། 

ཨོ་ཨིན་གྱིས་བཤད་རྒྱུར། ཁོས་ཧྥ་རན་སིའི་ཙུང་ཐུང་ལས་འགས་གཏོར་བྱུང་བའི་སྐད་ཅིག་མའི་འཁོར་སྐར་འདྲ་པར་སློང་དོན་ནི་དོན་རྐྱེན་བྱུང་སྐབས་གནམ་གྲུ་དང་འཕུར་མདའ་སོགས་བྱུང་ཡོད་མེད་གསལ་བོ་བྱེད་འདོད་པ་ཙམ་ཡིན། གལ་ཏེ་ཧྥ་རན་སི་ཡིས་འདོན་སྤྲོད་བྱེད་མ་ཐུབ་ན། ཁོས་མུ་མཐུད་དུ་རྒྱལ་ཁབ་གཞན་པ་ནས་འབྲེལ་ཡོད་འདྲ་པར་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཁོས་བསྟན་དོན། དེར་འབྲེལ་མི་སྣ་ཚང་མར་སྐྱོན་འཛུགས་བྱེད་སྲིད་པ་དང་། མི་སུ་ཡིན་ཡང་ཆབ་སྲིད་འགེབས་སྲུང་ཐོབ་མི་སྲིད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།