ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་རང་གི་མངའ་ཁོངས་སུ་ཡོང་བའི་གནས་སྐོར་བ་ཚང་མ་གཟའ་འཁོར་གཉིས་རིང་རང་ཁྱིམ་ནས་བཀག་འཇུག་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་སྲིད་གཞུང་གིས་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཞི་བའི་ཚེས་གཅིག་ཉིན་གྱི་ནམ་གུང་ནས་བཟུང་། ཧན་གོའི་མངའ་ཁོངས་སུ་ཡོང་བའི་གནས་སྐོར་བ་ཚང་མ་གཟའ་འཁོར་གཉིས་རིང་རང་ཁྱིམ་ནས་བཀག་འཇུག་བྱེད་རྒྱུ་ཡིན་ཟེར། བྱ་སྤྱོད་དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་འགྲོ་འོང་མཁན་ལ་རིམས་ནད་ཞིབ་བཤེར་བྱས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཕྱི་ཡུལ་ནས་ཕྱིར་རང་གི་མངའ་ཁོངས་སུ་ཡོང་བར་འགོག་སྲུང་ནན་མོ་བྱེད་པའི་ཆེད་དུ་རེད། 

ཧན་གོའི་བདེ་སྲུང་ཕན་བདེ་པུའུ་ཡི་དཔོན་པོ་ཕེའོ་ལིན་ཧིག་གིས་ཉིན་དེའི་ཕྱི་དྲོར་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་སྲིད་ཙུང་ལི་ཏེན་ཧྲི་ཅོན་གྱིས་མགོ་འཛིན་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་གྲོས་ཚོགས་སྤེལ་སྐབས་ཆོད་དོན་དེ་སྤེལ་བ་རེད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་དུ་རྒྱ་ཡན་དུ་སོང་བ་དང་། ཕྱི་ཡོང་བ་ལས་བྱུང་བའི་ཉེན་ཁ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པས། སྲིད་གཞུང་གིས་ཕྱི་ཡོང་གི་འགྲུལ་བར་དམིགས་ནས་རིམས་ནད་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར། ན

ཕེའོ་ལིན་ཧིག་གིས་བསྟན་དོན། ཟླ་བཞི་བའི་ཚེས་གཅིག་ཉིན་ནས་བཟུང་། རྒྱལ་ཁབ་རང་དང་ཕྱི་རྒྱལ་མི་སུ་ཡིན་ཡང་སྡོད་ཡུན་གྱི་རིང་ཐུང་ལ་ཁྱད་མེད་དུ། ཧན་གོའི་མངའ་ཁོངས་སུ་ཡོང་བའི་འགྲུལ་བ་ཚང་མ་རང་ཁྱིམ་ནས་གཟའ་འཁོར་གཉིས་རིང་བཀག་འཇུག་བྱེད་རྒྱུ་ཡིན། གལ་ཏེ་འགྲུལ་བ་དག་ལ་ཧན་གོར་སྡོད་གནས་ངེས་གཏན་མེད་ན། ཧན་གོའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་གནས་སུ་གཅིག་བསྡུས་བྱེད་རྒྱུ་ཡིན་པ་དང་། མགྲོན་ཁང་གི་གླ་རིན་དང་དེའི་སྐབས་སུ་བྱུང་བའི་འཚོ་བའི་གྲོན་དངུལ་ཚང་མ་མི་སྒེར་གྱིས་འགན་ལེན་བྱེད་དགོས། གལ་ཏེ་རང་འདོད་ལྟར་ཁྱིམ་དུ་བཀག་འཇུག་བྱེད་པའི་བྱེད་ཐབས་དང་འགལ་ན་སྲིད་གཞུང་གིས་ཆད་གཅོད་ནན་མོ་བྱེད་ངེས་ཡིན་ཟེར། 

ཧན་གོའི་རིམས་ནད་དོ་དམ་པུའུ་ཡིས་ཚེས་ཉེར་དགུའི་ཉིན་སྤེལ་བའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཚེས་ཉེར་དགུ་ཉིན་གྱི་ཞོགས་པའི་བར། རིམ་རྩིས་ཀྱིས་ཧན་གོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་དགུ་དང་ལྔ་བརྒྱ་གྱ་གསུམ་ཡོད་པ་དང་། དེའི་ནང་ནད་པ་བརྒྱ་དང་ང་གཉིས་རྐྱེན་ལམ་དུ་ཤོར་ཡོད་ལ། ནད་པ་སྟོང་ལྔ་དང་སོ་གསུམ་དྲག་སྐྱེད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།