ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་གང་མགྱོགས་སྒོས་དབུས་ཤར་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་གང་མགྱོགས་སྒོས་དབུས་ཤར་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་དགོས་པའི་གྲོས་གཞི་བཏོན་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ཚབ་བྱས་ཏེ་དབུས་ཤར་གནད་དོན་ཐད་ནས་དཔྱད་བརྗོད་སྤེལ་ནས། དབུས་ཤར་ས་ཁུལ་དུ་ངེས་པ་དོན་གྱི་ཞི་བདེ་མངོན་འགྱུར་བྱེད་དགོས་ན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི། ཨ་མེ་རི་ཁ་བཅས་ཀྱིས་དབུས་ཤར་གནད་དོན་ཐད་ནས་ཕྱོགས་བཞིའི་གྲོས་མོལ་སྤེལ་བ་ནི་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་མངོན་འགྱུར་བྱེད་པའི་ནུས་ལྡན་རྐྱེན་སྲོལ་ཡིན། མིག་སྔར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བའི་གནས་ཚུལ་འོག་ཏུ། ཨུ་རུ་སི་ཡིས་གང་མགྱོགས་སྒོས་དབུས་ཤར་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་བའི་གྲོས་གཞི་བཏོན་པ་ཡིན་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིར་འགྱུར་མི་རུང་། རྒྱུ་མཚན་ནི་དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་རྒྱལ་སྤྱིའི་ཁྲིམས་སྲོལ་སྣང་མེད་དུ་བསྐྱུར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་དང་འབྲེལ་བའི་གྲོས་ཆོད་དང་ཨ་རབ་ཞི་བདེའི་འདོད་བློ་སྣང་མེད་དུ་བསྐྱུར་ཡོད་པས་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།