ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བརྒྱད་ཉིན་གཡས་ཕྱོགས་ཏང་གསར་གྱི་མགོ་ཁྲིད་པ། སྔོན་ཆད་ཀྱི་སློབ་གསོའི་པུའུ་ཀྲང་པེ་ནེ་ཐི་རྒྱལ་སྲུང་བློན་ཆེན་དུ་བསྐོ་འཇོག་བྱས།
བསྒྲགས་པ་ལྟར་ན། བསྐོ་འཇོག་གནད་དོན་དེར་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ནེ་ཀིའི་གྲོས་ཚོགས་སྟེང་ནས་བརྡས་ཐག་གཅོད་རྒྱུ་རེད། བསྒྲགས་པ་ལྟར་ན། ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཙུང་ལིའི་གཞུང་སྒྲུབ་ཁང་ནས་པེ་ནེ་ཐི་ལ་ཐུག་འཕྲད་བྱས་པ་དང་། པེ་ནེ་ཐི་ཡིས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་དགོས་པའི་གྲོས་གཞི་བཏོན་པར་པེ་ནེ་ཐི་ཡིས་གྲོས་གཞི་དེ་དང་ལེན་བྱས།
དབྱི་སི་རལ་གྱིས་མིག་སྔར་ནེ་ཀི་རྩ་འཛུགས་བྱེད་བཞིན་ཡོད་ཅིང་། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ལྟ་སྐྱོང་སྲིད་གཞུང་ལ་མགོ་ཁྲིད་བྱེད་བཞིན་ཡོད། ཐེངས་འདིའི་རྒྱལ་སྲུང་བློན་ཆེན་གྱི་བསྐོ་འཇོག་ནི་གནས་སྐབས་ཙམ་ཡིན་པ་རེད། སྲིད་གཞུང་གསར་བ་བཙུགས་རྗེས་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་མི་གཞན་པས་ཁུར་བར་པེ་ནེ་ཐི་ཡིད་འཐད་བྱུང་ཡོད་པ་རེད།
བསྒྲགས་པ་ལྟར་ན། ལེ་ཁུའུ་ཏི་སྡེ་ཚོགས་ཀྱིས་ཉིན་དེར་ད་རུང་པེ་ནེ་ཐི་ཡིས་མགོ་ཁྲིད་པའི་གཡས་ཕྱོགས་ཏང་གསར་བར་མཉམ་བསྲེས་བྱེད་རྒྱུའི་ཚུལ་བསྟན་པ་དང་། བྱ་སྤྱོད་དེར་སྔོན་དཀར་ཏང་གི་གཙོ་འཛིན་ཀན་ཚི་ཡིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་བཀག་རྒྱ་བཟོ་བའི་དོགས་གཞི་ཡོད། སྔོན་དཀར་ཏང་གིས་ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་རྒྱལ་སྲུང་བློན་ཆེན་གསར་བ་བསྐོ་འཇོག་བྱས་པ་དེ་འོས་འཚམ་མིན་པའི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་འཛུགས་བྱས་པ་དང་། མུ་མཐུད་དུ་ནུས་པ་ཅི་ཡོད་ཀྱིས་མཉམ་འབྲེལ་སྲིད་གཞུང་ཞིག་རྩ་འཛུགས་བྱེད་རྒྱུའི་ཚུལ་བསྟན།