ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར་ཡུག་ཆོན་གྱིས་ཏང་ཕྱིའི་མི་སྣར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཚེས་ཉེར་གཉིས་ཉིན་ཏང་ཕྱིའི་མི་སྣར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱབ་སྒྲོག་བྱས།

ཡུག་ཆོན་གྱིས་ནན་གྱིས་བཤད་རྒྱུར། འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། རང་རྒྱལ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསླེབས་པའི་ཆོས་ཉིད་དང་རེ་བ་ལ་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གིས་གནས་བབ་ལ་བརྡར་ཤ་བཅད་པ་དང་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། སྤོབས་པ་ཆེན་པོས་དུས་རབས་ཀྱིས་གནང་བའི་ལས་འགན་གསར་བ་ཕྲག་ཏུ་ཁུར་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དེང་རབས་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དམ་པོར་འཛིན་དགོས་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་མྱུར་དུ་འཐུས་ཚང་དུ་གཏོང་བ། མཁྲེགས་གཏོར་བྱ་བ་ཆེན་པོ་གསུམ་བཟང་བོར་སྒྲུབ་པ་སོགས་ཀྱི་འཐབ་ཇུས་དང་བྱེད་ཐབས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱེད་པ་དང་། ཏང་དང་སྲིད་གཞུང་ལ་ཇུས་ཆོད་ཀྱི་དཔྱད་གཞི་འདོན་སྤྲོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།