ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་དྲིལ་སྒྲོག་མཚམས་སྦྱོར་ཚོགས་པས་ཁ་ན་ཏ་དང་ཕེ་རུ། ཨ་ཀེན་ཐིན་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་ཀྱིས་གདན་དྲངས་པ་ལྟར། ཉེ་སྔོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་དྲིལ་སྒྲོག་མཚམས་སྦྱོར་ཚོགས་པས་ཁ་ན་ཏ་དང་ཕེ་རུ། ཨ་ཀེན་ཐིན་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཁབ་གསུམ་གྱི་སྲིད་ཏང་དང་གྲོས་ཁང་། བློ་མཛོད། སྨྱན་བྱད་སོགས་ལས་རིགས་སོ་སོའི་འཐུས་མི་དང་བཞུགས་མོལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཙོ་བོ་དང་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་མཚམས་སྦྱོར་བྱས།

རྒྱལ་ཁབ་གསུམ་གྱི་ཚོགས་ཞུགས་མི་སྣས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད་འཛམ་གླིང་ཡོངས་ལའང་དོན་སྙིང་གལ་ཆེན་ལྡན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ལག་ལེན་གྲུབ་འབྲས་ཀྱིས་ལ་ཏེན་མེ་གླིང་གི་རྒྱལ་ཁབ་སོ་སོ་ལ་ནུས་ལྡན་དཔྱད་གཞི་འདོན་སྤྲོད་བྱས་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།