ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་ཉི་ཤུ་པའི་གན་རྒྱ་བཞག་པའི་རྣམ་གྲངས་ཀྱི་སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར4800ལས་བརྒལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་ཉི་ཤུ་པའི་གན་རྒྱ་འཇོག་པའི་མཛད་སྒོ་ཟླ9བའི་ཚེས17ཉིན་ཀོང་ཞི་ནན་ཉིང་གྲོང་ཁྱེར་དུ་བསྡུས། སྐབས་འདིའི་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་སུ་བསྡོམས་པས་རྣམ་གྲངས470ལ་གན་རྒྱ་འཇོག་པར་རྩ་འཛུགས་བྱས་ཤིང་། སྤྱིའི་དངུལ་གཏོང་དངུལ་འབོར་སྒོར་དུང་ཕྱུར4873ལ་སླེབས། དེའི་ཁྲོད་བཟོ་སྐྲུན་ལས་རིགས་ཀྱི་དངུལ་གཏོང་གི་བསྡུར་ཚད65%ལས་བརྒལ་བ་དང་། བྱ་འགུལ་གྱི་ཐེངས་གྲངས་དང་རྣམ་གྲངས་ཀྱི་གྲངས་ཀ དངུལ་གཏོང་གི་སྤྱི་འབོར། བཟོ་སྐྲུན་ལས་རིགས་ཀྱི་དངུལ་གཏོང་བཅས་ཀྱི་བསྡུར་ཚད་སོ་སོ་ནས་ཆ་སྙོམས་སུ་སྐབས་སྔོན་མའི་ཟིན་ཐོ་གསར་བ་བསྐྲུན་ཡོད། 

འཆམ་མཐུན་མཉམ་གནས་ཀྱིས་ཁྱིམ་གཞིས་བསྐྲུན་ཏེ་མཉམ་དུ་འབྱུང་འགྱུར་ལ་བསུ་བ་སྟེ། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་སྣོན་གྱི་ལྟེ་གནས་བསྐྲུན་ཞེས་པའི་བརྗོད་བྱར་དམིགས་ཏེ། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་སྟོན་ཚོགས་འདུའི་སྤྱི་འདོམས་སྒོས་དངུལ་གཏོང་སྐུལ་འདེད་བྱ་འགུལ་ཐེངས70ལྷག་སྤེལ་ནས། བསྡོམས་པས་གཅིག་བསྡུས་ངང་གན་རྒྱ་འཇོག་པའི་རྣམ་གྲངས184ཡོད། དེའི་ཁྲོད་དངུལ་གཏོང་མཉམ་ལས་རྣམ་གྲངས170ཡོད་པ་དང་། རྒྱལ་སྤྱིའི་ཉོ་ཚོང་དང་ཕྱི་རོལ་དུ་བསྐྱོད་པའི་ཕྱི་རྒྱལ་གྱི་རྣམ་གྲངས14ཡོད། རྣམ་གྲངས་ལ་ཆ་སྙོམས་སུ་མ་དངུལ་སྒོར་དུང་ཕྱུར18ཡན་བཏང་བ་དང་། སྐབས་སྔོན་མ་དང་བསྡུར་ན་སྒོར་དུང་ཕྱུར3ཇེ་མང་དུ་སོང་ཡོད། དེའི་ཁྲོད་སྒོར་དུང་ཕྱུར50ཡན་གྱི་རྣམ་གྲངས17ཡོད་པ་དང་དངུལ་གཏོང་གི་བསྡུར་ཚད52%ཟིན། སྒོར་དུང་ཕྱུར20ནས་དུང་ཕྱུར50བར་གྱི་རྣམ་གྲངས26ཡོད་དེ། དངུལ་གཏོང་གི་བསྡུར་ཚད་ཀྱི23%ཟིན། ཕྱི་དངུལ་གྱི་རྣམ་གྲངས15ཡོད་པ་དང་། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར105ལ་སླེབས།

རྒྱུས་ལོན་པ་ལྟར་ན། རྣམ་གྲངས་གལ་ཆེན་ལ་གཙོ་བོ་ཅིན་ཀོང་ཤོག་ལས་དངུལ་གཏོང་ཚད་ཡོད་ཀུང་སིའི་མ་དངུལ་སྒོར་དུང་ཕྱུར283བཏང་ནས་འཛུགས་སྐྲུན་བྱས་པའི་ལོ་རེའི་ཐོན་ཚད་ཏུན་ཁྲི300ཟིན་པའི་ལིན་ཅང་ཤོག་བུ་གཅིག་གྱུར་ཅན་གྱི་རྣམ་གྲངས་དང་། ཧྲང་ཧེ་རུང་རོན་རྒྱུ་ཆ་གསར་བའི་ཚན་རྩལ་ཚད་ཡོད་ཀུང་སིའི་མ་དངུལ་སྒོར་དུང་ཕྱུར107བཏང་ནས་འཛུགས་སྐྲུན་བྱས་པའི་དབྱང་ཧང་རྫས་རྒྱུན་མཐུད་ཚི་སྣའི་གྲུབ་རྫས་རྣམ་གྲངས། དེ་མིན་ཀྲུང་གོའི་འཛུགས་སྐྲུན་སྡེ་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར106བཏང་ནས་འཛུགས་སྐྲུན་བྱས་པའི་རྩེེར་སོན་སཱེལ་རྒྱུ་རྒྱུ་ཆ་གསར་བའི་ཐོན་ལས་གླིང་གི་རྣམ་གྲངས་སོགས་འདུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།