ཝང་དབྱི་ཡིས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་ལས་རོགས་པ་ཧྲ་ལི་ཝུན་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ9པའི་ཚེས16ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་མ་ཨར་ཐ་ནས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་ལས་རོགས་པ་ཧྲ་ལི་ཝུན་ལ་ཐུག་འཕྲད་གནང་བ་རེད།

ཕྱོགས་གཉིས་ཀྱིས་ཀྲུང་ཨའི་འབྲེལ་བ་གཏན་འཇགས་དང་ལེགས་བཅོས་བྱེད་པར་གཞིགས་ཏེ་གཞུང་དྲང་དང་དོན་དངོས་རང་བཞིན། འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་འབྲེལ་མཐུད་བྱས། ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཐའེ་ཝན་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་བརྒལ་མི་རུང་བའི་དམར་ཐིག་དང་པོ་དེ་ཡིན་ཞིང་། ཨ་རིས་ངེས་པར་དུ་ཀྲུང་ཨའི་མཉམ་འབྲེལ་གསལ་བསྒྲགས་གསུམ་བརྩི་སྲུང་བྱས་ནས། ཐའེ་ཝན་རང་བཙན་ལ་རོགས་སྐྱོར་མི་བྱེད་པའི་ཁས་ལེན་དངོས་འབེབས་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་ནང་སྐྱེས་སྒུལ་ཤུགས་ཆེན་པོ་ཡོད་པ་དང་། ལྡོག་མེད་ཀྱི་ལོ་རྒྱུས་གཏན་ཚིགས་དང་མཐུན་པས་སུས་ཀྱང་བཀག་འགོག་བྱེད་མི་ནུས་ལ། ཀྲུང་གོ་མི་དམངས་ཀྱི་ལུགས་མཐུན་གྱི་འཕེལ་རྒྱས་ཁེ་དབང་དེ་སུས་ཀྱང་འཕྲོག་མི་ཐུབ།

 ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་པ་ལི་གླིང་ཕྲན་ཐུག་འཕྲད་སྐབས་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། ཀྲུང་ཨའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྲོས་མོལ་དང་རྒྱ་མཚོའི་ལས་དོན་གྲོས་མོལ། ཕྱི་འབྲེལ་སྲིད་ཇུས་གྲོས་མོལ་བྱ་རྒྱུར་མཐད་པ་བྱུང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་ཇུས་སོགས་ལ་གྲོས་མོལ་བྱས། 

ཕྱོགས་གཉིས་ཀྱིས་ད་རུང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གནས་བབ་དང་། ཝུའུ་ཁི་ལན། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་གྲོས་མོལ་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།