ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་གྲངས་འཛིན་ཤོག་སྦག་ལ་བརྟེན་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་སྒྲོག་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འོད་མདངས་བཀྲ་བའི་ཤོག་སྦག་ནི་ལུས་རྩལ་འགྲན་བསྡུར་གལ་ཆེན་གྱི་མགོ་རྩོམ་མཛད་སྒོ་སྟེང་གི་ལྟད་མོ་གཙོ་བོ་ཡིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་མགོ་རྩོམ་མཛད་སྒོས“དངོས་རྫས་ཀྱི་ཤོག་སྦག”དེ“གྲངས་འཛིན་ཤོག་སྦག”ལ་བསྒྱུར་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་སྒྲོག་བྱ་རྒྱུ་རེད། དེ་ནི་ཚེས17ཉིན་གྱི་ཕྱི་དྲོར་མགོ་རྩོམ་མཛད་སྒོའི་གསར་རྩོམ་པ་གཙོ་བོས་སྨྱན་སྦྱོར་ལ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ཡིན། 

ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྤྱི་ཁྱབ་འཁྲབ་ཁྲིད་པ་དང་སྤྱི་ཁྱབ་བཟོ་སྐྲུན་པ་ཧྲ་ཞའོ་ལན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱིས“སྟབས་བདེ་དང་བདེ་འཇགས། ངོ་མཚར”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མགོ་རྩོམ་མཛད་སྒོའི་སྟེང་གོ་ལ་ཧྲིལ་པོར་གཅིག་སྡུད་བྱེད་པའི་དུས་འདིར་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་སྒྲོག་བྱ་རྒྱུ་དེ་ནི“གྲངས་འཛིན་ཤོག་སྦག”ལ་བསྒྱུར་བའི་རྒྱུ་རྐྱེན་ཡིན་ཟེར།

“ཤོག་སྦག་དེ་མེད་པར་བཟོ་བའི་ཐད་ནས་ང་ཚོས་ཆོད་སེམས་ཆེན་པོ་བཅངས་ཡོད། གལ་ཏེ་ཤོག་སྦག་སྤོར་ཚེ་བར་སྣང་དུ་ཐལ་རྡུལ་གྱིས་ཁེངས་ངེས་ཡིན”ཟེར། ཧྲ་ཞའོ་ལན་གྱིས་གྲངས་འཛིན་ཚན་རྩལ་ལ་བརྟེན་ནས་མགོ་རྩོམ་མཛད་སྒོའི་སྟེང་འོད་སྟོང་འཕྲོ་བའི་ཤོག་སྦག་དེ་ཡུལ་དངོས་ཀྱི་ལྟད་མོ་བ་དང་བརྙན་འཕྲིན་ལྟད་མོ་བའི་མདུན་དུ་མངོན་པ་དང་ལྷག་པར་དུ་བརྙན་འཕྲིན་ལྟ་མཁན་གྱི་ངོས་ནས་བརྗོད་ན་གྲངས་འཛིན་ཤོག་སྦག་གི་ཕན་འབྲས་དེ་ཤོག་སྦག་ངོ་མ་ལས་མི་ཞན་པ་ཡིན་ཟེར། 

ཧྲ་ཞའོ་ལན་གྱིས་འཕྲུལ་ཆས་གནས་ཡུལ་བརྒྱུད་དེ་ལྟད་མོ་བ་རྣམས་ལ་ཟུར་ཚད་མི་འདྲ་བའི་སྒོ་ནས་ཤོག་སྦག་གི་ཕན་འབྲས་མངོན་ཐུབ། “ང་ཚོས་རྟོག་བཟོའི་ལག་རྩལ་ལ་བརྟེན་ནས་བཟོས་པའི་ཤོག་སྦག་སྔར་ལས་ཡག་ལ། དུས་རྒྱུན་ཤོག་སྦག་ལ་ལྟ་སྐབས་ཚང་མས་གྱེན་ལྟ་བྱེད་བཞིན་ཡོད་མོད། འོན་ཀྱང་བརྙན་འཕྲིན་ནང་ལྟད་མོ་བ་ཚོས་ཐུར་ལྟ་ཐུབ་པ་མ་ཟད། གོང་ནས་འོག་ལའང་ལྟ་ཐུབ”ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།