ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡུལ་སྐོར་དངོས་མང་འགྲེམས་སྟོན་ཚོགས་ཁང་ཧང་ཀྲོའུ་རུ་དངོས་སུ་སྒོ་ཕྱེས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཡུལ་སྐོར་མནའ་འབྲེལ(WTA)སྤྱི་ཁྱབ་པུའུ་ཡི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལོ་ངོ་གསུམ་རིང་འཛུགས་སྐྲུན་བྱས་པའི་འཛམ་གླིང་ཡུལ་སྐོར་དངོས་མང་འགྲེམས་སྟོན་ཚོགས་ཁང་ཟླ6པའི་ཚེས1ཉིན་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ཞང་ཧྲུའུ་ཡ་ཧུའུ་ཧྲན་གླིང་ཕྲན་དུ་དངོས་སུ་སྒོ་ཕྱེས།

འཛམ་གླིང་ཡུལ་སྐོར་དངོས་མང་འགྲེམས་སྟོན་ཚོགས་ཁང་ནི་ཡུལ་སྐོར་གཙོ་དོན་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་འགྲེམས་སྟོན་ཚོགས་ཁང་ཞིག་ཡིན་ཞིང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4ལྷག་ཡོད། འགྲེམས་སྟོན་ཚོགས་ཁང་གི་ཇུས་འགོད་ལས་སུང་རྒྱལ་རབས་ཀྱི་མཛེས་རིག་གི་ཉམས་འགྱུར་མངོན་པ་མ་ཟད། གཞུ་དབྱིབས་རྣམ་པ་ལྟར་འཛུགས་སྐྲུན་བྱས་ཤིང་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་དང་མཐུན་པར་བྱས་ཡོད། 

རྒྱུས་ལོན་པ་ལྟར་ན། དངོས་མང་འགྲེམས་སྟོན་ཚོགས་ཁང་གནས་སའི་ཞང་ཧུའུ་དེ་སུའུ་ཧྲན་ཆུས་ཀྱི་ནུབ་ཕྱོགས་སུ་གནས་ཤིང་། 2023ལོའི་ཟླ2པར་འཛམ་གླིང་ཡུལ་སྐོར་མནའ་འབྲེལ(WTA)གྱི་སྤྱི་ཁྱབ་པུའུ་ས་འདིར་དངོས་སུ་བཙུགས་པ་རེད། ཀྲུང་གོས་གྲོས་མགོ་བཏོན་ནས་བཙུགས་པའི་གོ་ལ་ཧྲིལ་པོ་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། སྲིད་གཞུང་མ་ཡིན་པ། ཁེ་གཉེར་མིན་པའི་རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་བཅས་ཡིན་པའི་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་དམིགས་ཡུལ་གཙོ་བོ་ནི་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་མཉམ་བཅོས་བཅས་བྱས་ཏེ། གོ་ལ་ཧྲིལ་བོའི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་དང་ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་བྱས་རྗེས་འཇོག་རྒྱུ་དེ་རེད། 

ཉིན་དེར། 2023ལོའི་ཀྲུང་གོའི་མཛེས་རྩལ་སློབ་གླིང་གི་མཐར་ཕྱིན་འགྲེམས་སྟོན(ཞང་ཧུའུ་འགྲེམས་ཁུལ)མགོ་ཚུགས་པའི་མཛད་སྒོ་དུས་མཉམ་དུ་འཚོགས་ཤིང་། འགྲེམས་སྟོན་དེ་ནི་འཛམ་གླིང་ཡུལ་སྐོར་དངོས་མང་སྟོན་ཚོགས་ཁང་གི་སྒོ་ཕྱེ་བའི་འགྲེམས་སྟོན་ཐོག་མ་ཡིན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།