ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་དབྱིན་ཇིའི་དབྱི་ཧི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་ལག་བསྟར་ཀྲུའུ་ཞི་པན་ཀྲི་མིན་ཁའེ་སིའུ་ཁོར་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་དབྱིན་ཇིའི་དབྱི་ཧི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་ལག་བསྟར་ཀྲུའུ་ཞི་པན་ཀྲི་མིན་ཁའེ་སིའུ་ཁོར་ཐུག་འཕྲད་གནང་།

1.jpg

ཟླ6པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་དབྱིན་ཇིའི་དབྱི་ཧི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་ལག་བསྟར་ཀྲུའུ་ཞི་པན་ཀྲི་མིན་ཁའེ་སིའུ་ཁོར་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་གསལ་བོར་བསྟན་ཡོད། ཀྲུང་གོས་དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་མགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་མགོ་བཅས་དངོས་འབེབས་ལ་སྐུལ་འདེད་གཏོང་བཞིན་ཡོད། འཛམ་གླིང་ནི་སའི་གོ་ལ་སྡེ་བ་ཡིན་ལ་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁ་ཕྱོགས་ནི་ནམ་ཡང་འགྱུར་མི་སྲིད། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཚོང་རའི་སྦས་ཤུགས་ཆེ་ལ་མཉེན་ཤུགས་འདང་བས། འཛམ་གླིང་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ལ་གཏན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་སྩོལ་ངེས་ཡིན། ཀྲུང་གོས་དབྱི་ཧི་ཀུང་ཟི་ཚུད་པའི་རྒྱལ་ཁོངས་བརྒལ་བའི་ཀུང་ཟིས་ཀྲུང་གོ་ནས་འཕེལ་རྒྱས་ལེགས་པོ་འབྱུང་བར་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་འཛམ་གླིང་གི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གྱི་གཏན་འཇགས་ཤར་གཏོང་ལ་སྲུང་སྐྱོང་བྱེད་རྒྱུ་ཡིན།

ཁའེ་སིའུ་ཁོ་ཡིས་ཀྲུང་གོའི་རིམ་པ་སོ་སོའི་སྲིད་གཞུང་གིས་ཀུང་ཟིའི་ཀྲུང་གོའི་ལས་དོན་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་དང་། ཀུང་ཟིས་ཀྲུང་གོའི་ཚོང་རའི་མདུན་ལྗོངས་ལ་དམིགས་ཏེ། མུ་མཐུད་དུ་དུས་ཡུན་རིང་བོའི་ཀྲུང་གོའི་འཕེལ་རྒྱས་ལ་འབད་བརྩོན་བྱས་ཏེ་གཉིས་ཁེ་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།