ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བདུན་པའི་རྒྱལ་ཡོངས་ཏང་གི་སྨྱན་བྱད་དྲ་ཚིགས་ཀྱི་མཐོ་རིམ་གླེང་སྟེགས་སྒྲུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2023ལོའི(སྐབས་བདུན་པ)རྒྱལ་ཡོངས་ཏང་གི་སྨྱན་བྱད་དྲ་ཚིགས་ཀྱི་མཐོ་རིམ་གླེང་སྟེགས་དེ་ཚེས1ཉིན་ཞིན་ཅང་པའོ་ཨར་ཐ་ལ་སོག་རིགས་རང་སྐྱོང་ཁུལ་པའོ་ལི་གྲོང་ཁྱེར་དུ་བསྡུས་པ་དང་། གླེང་སྟེགས་ཀྱི་བརྗོད་དོན་ནི་གོ་སྐབས་གསར་བར་དམ་འཛིན་བྱས་ཏེ་རྒྱང་སྐྱོད་གསར་བར་འབད་པར་བསྐྱོད་ཅེས་པ་དེ་ཡིན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཝང་ཅན་ཞིན་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་རྩོམ་སྒྲིག་ཨུ་ཡོན་ཝང་ཧྥང་ཅེ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་པའོ་ཨར་ཐ་ལ་སོག་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀུའེ་སི་བཅས་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

མི་དམངས་དྲ་བའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་། སྤྱིའི་དོན་གཅོད་པ་ཡེ་ཀྲིན་ཀྲིན་ཡིས《2022—2023ལོའི་ཚགས་པར་ལས་རིགས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྟོག་དཔྱོད་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དང་། འདི་ནི་མི་དམངས་དྲ་བའི་ཞིབ་འཇུག་གླིང་གིས་ཐེངས་དྲུག་པར་ཁྱབ་བསྒྲགས་བྱས་པའི་བརྗོད་དོན་འདིའི་སྙན་ཞུ་ཡིན། ཚོགས་ཞུགས་ཏང་གི་སྨྱན་བྱད་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་ཆེད་མཁས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་ལག་བསྟར་དང་རྒྱང་སྐྱོད་གསར་བར་འབད་པར་བསྐྱོད་པའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ། མཉམ་འདྲེས་སྨྱན་བྱད་ལྟེ་གནས་འཛུགས་སྐྲུན་བེད་སྤྱོད་གང་ལེགས་བྱས་ཏེ་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་ལ་རམ་འདེགས་བྱེད་པ། ལག་རྩལ་གསར་བ་དང་བྱེད་ཐབས་གསར་བ་བཀོལ་མཁས་ཀྱིས་དངོས་བཀོལ་གསར་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བརྗོད་དོན་ལ་འབྲེལ་ནས་བརྗེ་རེས་གནང་། གླེང་སྟེགས་སྟེང་། མི་དམངས་དྲ་བའི་མ་རྐང་ཚད་ཡོད་ཀུང་ཟི་དང་པའོ་ཨར་ཐ་ལ་སོག་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་གཞིར་མིང་རྟགས་བཀོད་པ་དང་། ཏང་གི་སྨྱན་བྱད་དྲ་ཚིགས་ཀྱི་དྲ་ཐོག་རོགས་སྐྱོར་མནའ་འབྲེལ་མགོ་རྩོམ་པའི་མཛད་སྒོ་སྤེལ།

ཐེངས་འདིའི་གླེང་སྟེགས་དེ་མི་དམངས་དྲ་བ་དང་ཀྲུང་གུང་པའོ་ཨར་ཐ་ལ་སོག་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་། པའོ་ཨར་ཐ་ལ་སོག་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་ཞིབ་འཇུག་པུའུ་དང་མི་དམངས་ཉིན་རེའི་ཚགས་ཁང་ཞིན་ཅང་ཡན་ལག་ཁང་གིས་རོགས་སྒྲུབ་བྱས་ལ། མི་དམངས་དྲ་བའི་ཞིབ་འཇུག་གླིང་དང་ཀྲུང་གུང་པའོ་ཨར་ཐ་ལ་སོག་རིགས་རང་སྐྱོང་ཁུལ་ཏང་ཨུ་དྲིལ་སྒྲོག་པུའུ་དང་ཀྲུང་གུང་པའོ་ཨར་ཐ་ལ་སོག་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་བཅས་ཀྱིས་འགན་སྒྲུབ་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།