ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་རྣམས་བདེ་བླག་ངང་ཀྲུང་གོའི་བར་སྣང་ས་ཚིགས་སུ་འཛུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ5པའི་ཚེས30ཉིན་པེ་ཅིན་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་པར་བླངས་པའི་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པ་དང་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་གཉིས་མཉམ་དུ“ཁྱིམ་མི་ལྷན་འཛོམས”བྱུང་བའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། མི་སྡོད་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་གཉིས་མགྱོགས་མྱུར་སྒོས་རང་བརྟེན་འབྲེལ་མཐུད་བྱས་རྗེས། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་རྣམས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ནས་འཁོར་ལམ་གྲུ་ཚང་དུ་འཛུལ་ཡོད་པ་རེད། ཟླ5པའི་ཚེས30ཉིན་གྱི་ཆུ་ཚོད18དང་སྐར་མ22ཐོག་དུས་ཡུན་རིང་པོར་རེ་སྒུག་བྱས་པའི་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པ་རྣམས་བདེ་བླག་ངང“ཁྱིམ་གྱི་སྒོ་མོ”ཕྱེས་ཏེ་ཐག་རིང་ནས་ཡོང་བའི་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་རྣམས“ཐེན་གུང”ནང་ཐོན་པར་དགའ་བསུ་ཞུས། དེ་རྗེས་འཇིག་རྟེན་འཕུར་སྐྱོད་པ་གཉིས་ཀྱིས“ཁྱིམ་མི་ལྷན་འཛོམས”ཀྱི་པར་བརྒྱབ་སྟེ་རྒྱལ་ཡོངས་མི་དམངས་ལ་ཁམས་བདེ་ཞུས། །

འདི་ནི་མི་སྡོད་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་གཉིས་མགྱོགས་མྱུར་སྒོས་རང་བརྟེན་འབྲེལ་མཐུད་བྱས་རྗེས། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་རྣམས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ནས་འཁོར་ལམ་གྲུ་ཚང་དུ་འཛུལ་ཡོང་བའི་རྣམ་པ་རེད།

འདི་ནི་ཟླ5པའི་ཚེས30ཉིན་པེ་ཅིན་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་པར་བླངས་པའི་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པས་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་རྣམས་ཕེབས་པར་སྔོན་བསུ་གྲ་སྒྲིག་གནང་བཞིན་པའི་རྣམ་པ་རེད། 

ཟླ5པའི་ཚེས30ཉིན་པེ་ཅིན་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་པར་བླངས་པའི་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པ་དང་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་གཉིས་མཉམ་དུ“ཁྱིམ་མི་ལྷན་འཛོམས”བྱུང་བའི་རྣམ་པ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།