ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝིན་ཐའོ་ཡིས་ཨ་རིའི་ཚོང་དོན་པུའུ་ཀྲང་ལའེ་མོན་ཏའོ་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན། ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝིན་ཐའོ་ཨ་རི་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ། ཧྭ་ཧྲིན་ཐོན་ནས་ཨ་རིའི་ཚོང་དོན་པུའུ་ཀྲང་ལའེ་མོན་ཏའོ་ལ་ཐུག་འཕྲད་གནང་། ཕྱོགས་གཉིས་ཀྱིས་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ནས་ཟོལ་མེད་དང་ཆེད་ལས། འཛུགས་སྐྲུན་རང་བཞིན་གྱི་བརྗེ་རེེས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་དཔལ་འབྱོར་ཉོ་ཚོང་སྲིད་ཇུས་དང་གློག་འདྲེན་ཕྱེད་རྫས་སྲིད་ཇུས། ཕྱིར་གཏོང་བཙན་སྡོམ། ཕྱི་ཕྱོགས་དངུལ་གཏོང་ཞིབ་བཤེར་སོགས་ལ་ཐུགས་ཁུར་གཙོ་བོ་མཚོན་པར་བྱས། ཕྱོགས་གཉིས་ཀྱིས་འབྲེལ་མཐུད་ཐབས་ལམ་འཛུགས་པར་ཡིད་འཐད་བྱུང་ནས། བྱེ་བྲག་གིས་དཔལ་འབྱོར་ཉོ་ཚོང་གི་ཐུགས་ཁུར་དང་མཉམ་ལས་དོན་དག་ཐད་མུ་མཐུད་དུ་བརྗེ་རེས་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།