ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ4རིང་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དུས་མཉམ་ལས76.5%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཚུན་ནས་བཟུང་། རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་མུ་མཐུད་དུ་མགྱོགས་མྱུར་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ཚོང་དོན་པུའུ་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཡུས་ཐིན་གྱིས་ཚེས25ཉིན་མཚམས་སྦྱོར་བྱེད་རྒྱུར། 2021ལོ་དང2022ལོར་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་བསྟུད་མར་ལོ་གཉིས་ལ་རླངས་འཁོར་ཁྲི100ཡན་རྒྱུན་འཁྱོངས་བྱས་ཡོད། ད་ལོའི་ཟླ1པོ་ནས་ཟླ4པའི་བར། རང་རྒྱལ་གྱི་རླངས་འཁོར་ཕྱིར་བྱས་པ་ཁྲི149.4ལ་སླེབས་པ་དང་དུས་མཉམ་ལས76.5%འཕར་ཡོད།

ད་ལོའི་ཟླ1པོ་ནས་ཟླ4པའི་བར་དུ། རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱ་ཡུལ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ204ཡོད་པ་དང་། དེའི་ནང་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་ཀྱི་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར136.4ཡིན་པ་དང་ལྡབ1.2འཕར་ལ་བསྡུར་ཚད་ཀྱི45.9%ཟིན་ཡོད། དཔལ་འབྱོར་འཕེལ་རྒྱས་ཆེ་བའི་གཙོ་གཞི་ལ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར124.1ཡིན་པ་དང་ལྡབ1.2འཕར་ལ། བསྡུར་ཚད་ཀྱི41.8%ཟིན། ནུས་ཁུངས་གསར་པའི་རླངས་འཁོར་གྱིས་རླངས་འཁོར་སྤྱི་ཡོངས་ཀྱི་ཕྱིར་གཏོང་དངུལ་གྲངས་ཀྱི་བསྡུར་ཚད་ནང42.9%ལ་འཕར་བ་དང་། རླངས་འཁོར་ཕྱིར་གཏོང་ཚད་འཕར་བར་བྱས་རྗེས་འཇོག་ཚད51.6%ལ་སླེབས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།