ཆིན་ཀང་ཨ་ཧྥེ་རི་ཁ་གླིང་གི་ཉིན་མོའི་སྣེ་ལེན་ཚོགས་འདུར་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཆིན་ཀང་ཚེས25ཉིན་པེ་ཅིན་དུ་ཨ་ཧྥེ་རི་ཁ་གླིང་གི་ཉིན་མོའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། ཨའེ་སེ་ཨོ་པི་ཡའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་དཔོན་ཏི་མའེ་ཁི་དང་ཀང་ཀོ་ཡི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་དཔོན་ལུའུ་ཐུང་ཏུའུ་ལ། ཧྥེ་གླིང་གི་རྒྱལ་ཁབ་ཁག་གི་ཕོ་ཉ་བཅས་ཚོགས་འདུར་ཞུགས།

ཆིན་ཀང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་དོན་དངོས་དང་བྱམས་བརྩེའི་ཧྥེ་གླིང་སྲིད་ཇུས་ཀྱི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བའི་སྣེ་ཁྲིད་འོག ཀྲུང་ཧྥེ་འབྲེལ་བ་དེ་སྔར་བས་དམ་ཟབ་ཀྱི་ཀྲུང་ཧྥེའི་ལས་དབང་ཐུན་མོང་ཚོགས་པའི་དུས་རབས་གསར་བར་བསྐྱོད་ཡོད། མིག་སྔར། ཀྲུང་གོ་དང་ཧྥེ་གླིང་ནི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་གནས་པ་དང་། གལ་ཆེ་བའི་གོ་གནས་གསར་བ་བསུ་བཞིན་ཡོད། མིག་སྔར་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་གཅིག་བསྡུ་ཡིན་པའི་སྐམ་ས་ཆེན་མོར་མཚོན་ན། ཀྲུང་ཧྥེ་ནི་དུས་སྐབས་ག་དུས་ལས་ཀྱང་མཐུན་སྒྲིལ་མཉམ་ལས་ལ་སྔར་བས་ཤུགས་སྣོན་དགོས་པ་ཡིན།

ཆིན་ཀང་གིས་སྔར་ལས་ལྷག་པར་ཀྲུང་ཧྥེའི་མཉམ་ལས་གཏིང་ཟབ་དུ་གཏོང་བའི་ཐད་གྲོས་གཞི་ལྔ་བཏོན་པ་སྟེ། གཅིག་ནི་ཕན་ཚུན་གྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནི་ཧུར་ཐག་གིས་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་ཐུན་མོང་གིས་སྐུལ་འདེད་གཏོང་དགོས། བཞི་ནི་ཧུར་ཐག་གིས་ཐུན་མོང་གི་བདེ་འཇགས་མངོན་འགྱུར་བྱེད་དགོས། ལྔ་ནི་སྔར་ལས་ལྷག་པར་དཔལ་ཡོན་བརྗེ་རེས་དཔྱད་གཞིར་འཛིན་པར་ཤུགས་སྣོན་དགོས།

ཏི་མའེ་ཁི་དང་ལུའུ་ཐུང་ཏུའུ་ལ་ཡིས་བསྟན་དོན། ཧྥེ་གླིང་ཕྱོགས་ཀྱིས་ཧྥེ་ཀྲུང་མཛའ་བརྩེའི་འབྲེལ་བ་སྲ་བརྟན་དུ་བཏང་སྟེ། ཐུན་མོང་ཐོག་ཧྥེ་ཀྲུང་རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རང་སོ་སོའི་འཕེལ་རྒྱས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་ལག་གདང་མཉམ་སྦྲེལ་སྒོས་ཧྥེ་ཀྲུང་གི་ལས་དབང་ཐུན་མོང་ཚོགས་པ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།