ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུའུ་ཡིས་འབྲི་ཆུ་བརྗོད་དོན་ཡིན་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལམ་ཐིག10བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། འབྲི་ཆུའི་རྒྱལ་སྤྱིའི་ཕུལ་བྱུང་ཡུལ་སྐོར་ལམ་རྒྱུད་གསར་སྐྲུན་བྱེད་པ་དང་། འབྲི་ཆུའི་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་ཐོན་རྫས་འདོན་སྤྲོད་ལ་ཤུགས་སྣོན་པ། ཡུལ་སྐོར་མཛད་སྤྱོད་ཆུ་ཚད་དང་ནུས་པ་མཐོར་འདེགས་བཅས་བྱ་ཆེད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཉེ་ལམ་འབྲི་ཆུ་བརྗོད་དོན་ཡིན་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལམ་ཐིག10དང《འབྲི་ཆུའི་རྒྱལ་སྤྱིའི་ཕུལ་བྱུང་ཡུལ་སྐོར་ལམ་རྒྱུད་ཀྱི་ལམ་ཐིག་རྩེ་གྲའི་ལམ་ཡིག》བཏོན།

འབྲི་ཆུའི་རྒྱལ་སྤྱིའི་ཕུལ་བྱུང་ཡུལ་སྐོར་ལམ་རྒྱུད་དེ་ཧྲང་ཧེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཅང་ཞི། ཧུའུ་པའེ། ཧུའུ་ནན། ཁྲུང་ཆིན། སི་ཁྲོན། ཡུན་ནན། ཀོས་ཀྲོའུ་སོགས་ཞིང་ཆེན་དང་གྲོང་ཁྱེར11ལ་ཁྱབ་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་འབྲི་ཆུའི་རྒྱལ་སྤྱིའི་ཕུལ་བྱུང་ཡུལ་སྐོར་ལམ་རྒྱུད་ཀྱི་ས་ཁུལ་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ལ་སྤྱི་འདོམས་བྱས་པ་བརྒྱུད། དོན་སྙིང་འབུར་ཐོན་དང་ཤུགས་རྐྱེན་གལ་ཆེན། བརྗོད་དོན་གཙོ་བོའི་དུམ་མཚམས་བདམས་ནས། རིག་གནས་ཡུལ་རྣམ་ཅན་དང་ཡུལ་རྣམ་བརྗོད་དོན་ཅན། བརྗོད་དོན་ལམ་ཐིག་ཅན་བཅས་ཀྱི་བསམ་ཕྱོགས་ལྟར། འབྲི་ཆུའི་དཔལ་ཡོན་འབྱུང་ཁུངས་ཡུལ་སྐོར་དང་འབྲི་ཆུའི་འཛམ་གླིང་ཤུལ་བཞག་ཡུལ་སྐོར། འབྲི་ཆུའི་དུས་བདེ་ཞོད་འཇགས་ཀྱི་ཡུལ་སྐོར། འབྲི་ཆུའི་གསར་བརྗེ་གཞི་རྒྱུ་རྒྱུད་འཛིན་ཡུལ་སྐོར། འབྲི་ཆུའི་རང་བྱུང་སྐྱེ་ཁམས་ཡུལ་སྐོར། འབྲི་ཆུའི་ཡུལ་ལྗོངས་ལྟ་གཟིགས་ཡུལ་སྐོར། འབྲི་ཆུའི་གྲོང་གསེབ་དར་སྤེལ་ཡུལ་སྐོར། འབྲི་ཆུའི་དངོས་མིན་ཤུལ་བཞག་རོལ་མྱོང་ཡུལ་སྐོར། འབྲི་ཆུའི་མཛེས་སྡུག་ས་གཤིས་ཡུལ་སྐོར། འབྲི་ཆུའི་གྲོང་ཁྱེར་སྤྲོ་གསེང་ཡུལ་སྐོར་སོགས་འབྲི་ཆུ་བརྗོད་དོན་ཡིན་པའི་ཡུལ་སྐོར་ལམ་ཐིག10ཇུས་འགོད་བྱས་ཏེ། ཕྱོགས་ཡོངས་ནས་དོན་དངོས་དང་ལངས་གཟུགས། འཕེལ་རྒྱས་བཅས་ཀྱི་འབྲི་ཆུ་འགྲེམ་སྟོན་བྱས་པ་དང་། འབྲི་ཆུའི་རྒྱལ་སྤྱིའི་ཕུལ་བྱུང་ཡུལ་སྐོར་ལམ་རྒྱུད་གྱི་སྤྱི་ཡོངས་སྣང་བརྙན་གསར་འཛུགས་བྱས་ནས་རྒྱལ་སྤྱིའི་མཚན་སྙན་དང་འཛམ་གླིང་གི་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་། །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།